From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
པད་དཀར་ལྟར་བསྔགས
|
Tibetan Definition
|
1 བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་མཚན་གྱི་རྣམ་གྲངས་ཤིག སྔོན་སངས་རྒྱས་རིན་ཆེན་སྙིང་པོའི་སྤྱན་སྔར་བསྐལ་བཟང་སངས་རྒྱས་སྟོང་གིས་རང་རང་གི་གདུལ་བྱའི་ཞིང་ཁམས་འདམ་ང་མཛད་པ་ན། མི་མཇེད་འཇིག་རྟེན་གྱི་ཁམས་འདིའི་སེམས་ཅན་རྣམས་གདུལ་བར་དཀའ་བས། གཞན་སུས་ཀྱང་འདུལ་བར་ཞལ་གྱིས་མ་བཞེས་པར་སྤངས་པ་ན། སྟོན་པ་ཐུབ་པའི་དབང་པོས་ཞལ་གྱིས་བཞེས་པས་སངས་རྒྱས་རིན་ཆེན་སྙིང་པོ་ལ་སོགས་པ་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པས། ཨེ་མ་བྱང་ཆུབ་སེམས་དཔའ་འདི་ནི་པདྨ་དཀར་པོ་ལྟ་བུའོ་ཞེས་བསྔགས་ཤིང་ཆེད་དུ་བརྗོད་པ་རྒྱ་ཆེར་མཛད་པས་དེ་ལྟར་དུ་བརྗོད། རྗེ་ཙོང་ཁ་པ་ཆེན་པོས་ཐུབ་པའི་དབང་པོ་ལ་བསྟོད་པ་སྐབས་གསུམ་མ་ལས་ཀྱང༌། སྙིགས་མ་ལྔ་ཡིས་ཧ་ཅང་སྦགས་པ་ཡི། །ཞིང་འདི་གཞན་གྱིས་སྤངས་དུས་མགོན་ཁྱོད་ཀྱིས། །ཡོངས་སུ་བཟུང་སྟེ་རྒྱལ་བ་སྲས་བཅས་ཀྱིས། །པད་དཀར་ལྟ་བུར་བསྔགས་པའི་དགོས་པའང་ཅི། །ཞེས་གསུངས་པ་ལྟར་རོ། །
|