4315

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
པདྨ
Tibetan Definition (ལེགས་སྦྱར) 1 མེ་ཏོག་པདྨ། ལེགས་སྦྱར་གྱི་སྐད་དུ་ पद्म ཞེས་འབྲི་བར་བྱེད། མིང་གི་རྣམ་གྲངས་ནི། མངོན་བརྗོད་མཁས་པའི་རྣ་རྒྱན་ལས། འདམ་སྐྱེས་ཆུ་སྐྱེས་མཚོ་ལས་སྐྱེས། །འདབ་སྟོང་འདབ་བརྒྱ་ཆུ་ཡི་རྒྱན། །སྦྲང་རྩིའི་རྒྱལ་མཚན་སྦྲང་རྩི་འཛིན། །དཔལ་གོས་དཔལ་གྱི་འདབ་མ་ཅན། །དྲི་བཟང་ཁང་པ་ཆུའི་ལང་ཚོ། །གེ་སར་ཅན་དང་ཟེའུ་འབྲུ་ཅན། །པད་དཀར་པུཎྜ་རཱི་ཀ་དང་། །ཉི་མས་བཞད་དང་པདྨའོ། །ཞེས་གསུངས། བརྗོད་ཚུལ་ཙམ་ལས་རྒྱ་སྐད་སོར་བཞག་ཡིན། པདྨ་བོད་སྐད་དུ་བསྒྱུར་ན། ཆུ་སྟེང་འཕྱོ་ཞེས་པ་ཡིན་ཀྱང་གོ་མི་བདེ་བས་ལོ་ཙཱ་བ་དག་གིས་རྒྱ་སྐད་སོར་བཞག་མཛད། ཅེས་དཔལ་དུས་ཀྱི་འཁོར་ལོའི་ས་གར་དང་མཆོད་གར་གྱི་སྔགས་དོན་བརྡ་བཀྲོལ་ཁུངས་ལྡན་བདུད་རྩིའི་ཟེགས་མ་ལས་གསུངས། བོད་རྒྱ་ཚིག་མཛོད་ཆེན་མོར། པདྨ་ལ་པད་མ་ཞེས་བྲིས་པ་མི་འཐད་པ་མེད་མོད། འོན་ཀྱང་པདྨ་ཞེས་བྲིས་ན་ལེགས་པར་སེམས་ཏེ། ལེགས་སྦྱར་ལའང་ पद्म ཞེས་ཡི་གེ་བརྩེགས་མ་དེ་ཇི་བཞིན་འབྱུང་བས། དེ་ལྟར་བྲིས་ན་དེ་ལེགས་སྦྱར་གྱི་ཚིག་ཡིན་པར་གོ་ནུས་པ་དང་དེའི་འབྱུང་ཁུངས་ཤེས་པའི་དགོས་པ་ཡོད་པའི་ཕྱིར། དེས་སེངྒེ་སོགས་ལ་རིགས་འགྲེའོ། །2 མོ་མཚན།