From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཁང་ཆེན་གྱི་ལྷག་མ
|
Tibetan Definition
|
(འདུལ་བ) ལྷག་མ་བཅུ་གསུམ་གྱི་བདུན་པ། ཁང་ཆེན་གྱི་ལྷག་མའི་ངོ་ཏི་ནི། བཅས་ལྡན་དགེ་སློང་གིས་ས་གཞི་མ་དག་པར་དཀོན་མཆོག་གསུམ་གང་ཡང་རུང་བའི་ཆེད་དུ་མངོན་གྱུར་གྱི་བདག་པོ་ཚོགས་ཀྱི་དོན་དུ། གནས་བརྩིགས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །གླེང་གཞི་ནི། ཡུལ་ཀོ་ཤམ་བྷིར་འདུན་པ་ལ་སོགས་པ་དྲུག་སྡེས་གཙུག་ལག་ཁང་བརྩིགས་པ་ལས་དགེ་འདུན་ལྷག་མར་བཅས་སོ། །དགག་བྱ་ནི་སྲོག་ཆགས་ལ་གནོད་པ་དང། རྩོད་པ་རྒྱས་པ་དང། དོན་དང་བྱ་བ་མང་པའོ། །སྒྲ་བཤད་ནི། སྤྱིར་ཆེན་པོ་ལ་གཉིས་ཏེ། སྦྱིན་ཡུལ་གྱི་ཆེ་བ་དང་། ཚད་ཀྱི་ཆེ་བ་གཉིས་ལས། འདིར་སྦྱིན་ཡུལ་གྱི་ཆེ་བའམ་རྩ་བ་ཆེ་བ་དཀོན་མཆོག་གི་ཆེད་དུ་བརྩིགས་པས་ན། ཁང་ཆེན་ཞེས་བྱའོ། །བུ་སྟོན་རིན་པོ་ཆེའི་མདོ་རྩའི་རྣམ་བཤད་༡༠༥བ༡ལས་གསུངས་པ་ལ་གཞི་བྱས་སོ། །
|