From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
པདྨ་ཅན་གྱི་ཕྱག་རྒྱ
|
Tibetan Definition
|
ཕྱག་རྒྱ་རིགས་བཞིའི་ཡ་གྱལ་ཞིག དེའི་མཚན་ཉིད་ནི། ཀྱེ་རྡོ་རྗེའི་རྒྱུད་ལས། (ཕྱག་རྒྱ་མ་འདིའི་ལུས་བོངས་ནི) ཤིན་ཏུ་རིང་མིན་ཐུང་བ་མིན། ། (མདོག་ཀྱང) གནག་པ་མ་ཡིན་དཀར་བ་མིན། ། (མིག) པདྨའི་འདབ་མའི་རྣམ་པ་འདྲ། ། (དཀྱུས་རིང་མདོག་ལེགས་པ) དེ་ཡི་ (ཁ་ཡི) དབུགས་ནི་དྲི་ཞིམ་ལྡན། ། (ལུས་ཀྱི) རྔུལ་ཀྱང་དྲི་ཞིམ་ལྡན་གྱུར་ཏེ། །དེ་དག་ (རི་དྭགས་གླ་བའི) ལྟེ་བའི་དྲི་དང་མཚུངས། ། (དེའི་བྷ་ག) པདྨ་ལ་ཡང་དབང་མཆོག་ (སྟེ་ཙནྡན་ས་མཆོག་གི་དྲི་དང) ལྡན། ། (ཕྱི་རོལ་དུའང།) སྐད་ཅིག་ (རེར) པདྨ་ (དཀར་པོའི་དྲི་བསུང) ལྟ་བུ་འབྱུང༌། །དེ་ཡི་ག་བུར་ (དཀར་ཆ) སིཧླ་ (དམར་ཆ) དག། མཁས་པས་དྲི་བཟང་མཚོན་པར་བྱ། །ཨུཏྤལ་ཡི་དྲི་ (ར་སྣང་བར) འགྱུར་ཞིང༌། །ཨ་ག་རུ་ནི་ནག་པོ (འི་དྲི་དང་) མཚུངས། ། (སྤྱོད་ལམ) དལ་ཞིང་ (སྐྱོན་གྱིས) མི་གཡོ་མ་ཉིད་དང༌། །སྙན་པར་སྨྲ་ཞིང་ཡིད་འོང་མ། །སྐྲ་བཟང་ (དཔྲལ་བའམ་སྐྱེ་གནས་ཀྱི) དབུས་སུ་གཉེར་མ་གསུམ། །ཕལ་པས་ (འདོད་པའི་བསྟན་བཅོས་ལས་བུད་མེད་མཆོག) པདྨ་ཅན་དུ་བརྗོད་དོ། །ཞེས་གསུངས་པ་ལྟར་རོ། །པདྨ་ཅན་གྱི་མཚན་གཞི་ནི། རཱ་མ་ཎའི་ཆུང་མ་རོལ་རྙེད་མའམ་སཱི་ཏཱ་དང་། སྐྱ་སེང་བུ་ལྔའི་ཆུང་མ་དྲཽ་པ་དཱི་བྱ་བ་གཉིས་པོ་འདི་མཚན་གཞིར་འདོད་པའི་བསྟན་བཅོས་རྣམས་སུ་བཤད་དོ། །
|