4329
Jump to navigation
Jump to search
པདྨ་ལྟ་བུའི་གང་ཟག | |
Tibetan Definition | རྒྱུད་ཀྱི་ཆེད་དུ་བྱ་བའི་གདུལ་བྱ་ལྔའི་ཡ་གྱལ་ཏེ། དད་པ་དང་སྙིང་རྗེ་ཆེ་བ། ཆོས་ཐོས་ན་བློ་ཡི་ཁ་འབྱེ་སྟེ་ཤེས་རབ་འཕེལ་ཀྱང༌། ཐོས་དོན་རིང་དུ་མི་གནས་པར་བརྗེད་འགྲོ་བའི་གང་ཟག་ཅིག སྒྲ་བཤད་ནི། དཔེར་ན་པདྨ་དྲི་ཞིམ་པ་དགའ་བ་སྐྱེད་པའི་ཡོན་ཏན་དང་ལྡན་པ་ཉི་མས་ཁ་འབྱེ་བ། པདྨའི་ལྟེ་བར་ཆགས་པའི་ཟིལ་པ་རྣམས་ཉི་མ་ཤར་བ་དང་མེད་པར་འགྱུར་བ་དང་འདྲ་བས་དེ་སྐད་ཅེས་བཏགས་སོ། །རྗེའི་འགྲེལ་པ་བཞི་སྦྲགས་ལ་གཞི་བྱས་ཏེ་བཀོད། |
---|