4357

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
པར་སིག
Tibetan Definition (འདུལ་བ) རྒྱ་གར་གྱི་ནུབ་ཕྱོགས་སུ་ཡོད་པའི་ཁ་ཆེའི་རྒྱལ་ཁབ་ཅིག ཏ་ཟིག་དང་དོན་གཅིག་པར་སྣང༌། གནའ་དུས་དེའི་མིང་ལ། Persia པར་སི་ཡ་ཟེར། དེང་སང་Iran ཨི་རཱན་ཟེར་བའི་ལུང་པ་དེའི་མིང་ངོ༌། །ཨི་རཱན་ཞེས་པའི་མིང་དེ་དམག་ཆེན་གཉིས་པའི་གོང་ཙམ་ཕྱི་ལོ་༡༩༣༥ལོར་གསར་དུ་བཏགས་པར་བཤད། དམག་ཆེན་གཉིས་པ་ནི་ཕྱི་ལོ་༡༩༣༩ ནས་༤༠ བར་བྱུང༌། མཐུན་ཕྱོགས་རྒྱལ་ཁབ། དབྱིན་ཇི། ཕ་རན་སི། ཨུ་རུ་སུ། ཨ་མི་རི་ཀ་སོགས། ཁ་གཏད་འཇར་མན། ཨི་ཊ་ལི། འཇའ་པཱན་སོགས་ཡིན པར་སིག་གི་སྐད་ལ་ Farsi ཕར་སི་ཟེར། པར་སིག་ཅེས་པའི་མིང་འདི་འདུལ་བ་མདོ་རྩ་བར་ཡང་གསལ། པར་ཐང་ཁྲ་བོ་ཞེས་པའི་ཐད་དུ་གཟིགས། རྒྱའི་སྐད་དུ་དེང་སང་འདི་ལ་པོ་ཟི་ཞེས་པ་དེ་པར་སིག་དང་གཅིག་མཚུངས་ཡིན་པར། དུང་དཀར་ཚིག་མཛོད་ཏ་ཟིག་ཅེས་པའི་ཐད་དུ་གསལ།