436

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁང་པའི་ལྷག་མ
Tibetan Definition (འདུལ་བ) ལྷག་མ་བཅུ་གསུམ་གྱི་དྲུག་པ། ཁང་པའི་ལྷག་མའི་ངོ་ཏི་ནི། བཅས་ལྡན་དགེ་སློང་གིས་ས་གཞི་དང་ཡོ་བྱད་བཙལ་བས་ས་གཞི་མ་དག་པར་དཀོན་མཆོག་ལས་གཞན་པའི་ཆེད་དུ་མངོན་གྱུར་གྱི་བདག་པོ་གཅིག་གི་དོན་དུ་ཁང་པ་ཚད་ལས་ལྷག་པ་བརྩིགས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །གླེང་གཞི་ནི་མཉན་ཡོད་དུ་དགེ་སློང་རབ་ཏུ་མང་པོས་ཁང་པ་བརྩིགས་པ་ལས་དགེ་འདུན་ལྷག་མར་བཅས་སོ། །དགག་བྱ་ནི་འདོད་པ་ཆེས་པ་དང་། སྲོག་ཆགས་ལ་གནོད་པ་དང་། རྩོད་པ་རྒྱས་པ་དང་། དོན་དང་བྱ་བ་མང་བའོ། །