4363

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
པཱ་ལི
Tibetan Definition བོད་སྐད་དུ་བསྒྱུར་ན་རྒྱུན་ཆགས་ཟེར་བ་ཡིན་འདུག पालि པཱ་ལིའི་སྐད་དེ་ནི་ངོ་བོ་ལེགས་སྦྱར་རང་ལ་སྒྲ་འཇམ་དུ་སོང་བ་ཡིན། དེའི་རྒྱུ་མཚན་གྱིས་ར་སྒྲ་ཕལ་ཆེར་ཉམས་པ་དང་། ཀྵ་ཡིག་ལ་སོགས་པའི་བརྗོད་དཀའ་བ་དག་ཁ་ཡིག་ཏུ་བཀླགས་པ་སོགས་ཡིན། གནས་བརྟན་པའི་མདོ་སྡེ་ལ་སོགས་པ་དེ་ཀུན་པཱ་ལིའི་སྐད་དུ་བཞུགས་ཡོད་པར་གསུངས་ཤིང་། གནས་བརྟན་པ་རྣམས་སྟོན་པ་ཞལ་བཞུགས་དུས་སྐད་འདི་ཉིད་ཡུལ་དབུས་མ་ག་དྷའི་སྐྱེ་བོ་ཀུན་གྱི་སྐད་ཐུན་མོང་བ་ཡིན་ནོ་ཞེས་གནས་བརྟན་པ་དག་བཞེད་དོ། །ཞེས་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་མཛད་པའི་སིངྒ་ལའི་ལོ་རྒྱུས་ན་གསལ། འགའ་ཞིག་གིས། པཱ་ལི་ཞེས་པ་ལེགས་སྦྱར་གྱི་པྲཱ་ཀྲྀཏ་ཞེས་པའི་ཚིག་འདི་ཉིད་ཉམས་པར་ཡང་ཤོད་མཁན་ཡོད། པྲཱ་ཀྲྀ་ཏ་ Prakrit ཞེས་པ་ནི་ཕལ་པའམ་རང་བཞིན་པ་ཞེས་པའི་དོན་ཡིན་པར། སི་ཏུ་འགྲེལ་ཆེན་གྱི་མཇུག་ཏུ་གསལ་བ་ལྟར་རོ། །ཞིབ་པར་སྐད་རིགས་ཆེན་པོ་བཞི་ཞེས་པའི་ཐད་དུ་གཟིགས། ༸གོང་ས་ཏཱ་ལའི་བླ་མ་བསྟན་འཛིན་རྒྱ་མཚོ་མཆོག་གིས་ཕྱི་ལོ་༢༠༠༦ལོར་རྒྱ་གར་ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་བཀའ་དྲིན་བསྩལ་སྐབས་ལེགས་སྦྱར་དང་པཱ་ལིའི་སྐོར་གསུངས་དོན་ལ། སྔོན་སྟོན་པས་ཆོས་གསུངས་སྐབས་ལེགས་སྦྱར་གྱི་སྐད་དུ་གསུངས་ཀྱང་། ཕྱིས་བཀའ་བསྡུ་མཛད་སྐབས་པཱ་ལིའི་སྐད་ཐོག་བསྡུས་ཤིང་། ཐེག་དམན་གྱི་གཞུང་གཙོ་ཆེ་བ་རྣམས་པཱ་ལིའི་སྐད་དུ་བཞུགས་ཡོད་ཀྱང་། ཐེག་པ་ཆེན་པོའི་ཆོས་སྐོར་སྔགས་དང་བཅས་པ་རྣམས་ལེགས་སྦྱར་གྱི་སྐད་ཐོག་ཡོད་པ་རེད། སྤྱིར་གཞུང་འགྲེལ་མཛད་པ་པོ་རྣམས་ཀྱིས་པཱ་ལིའི་སྐད་ཐོག་རྩོམ་པར་མཛད་པ། དཔེར་ན་བྱེ་བྲག་བཤད་མཛོད་ཆེན་མོ་ལྟ་བུ་ཡོད་ནའང་། གཙོ་བོ་ཕྱིས་ཀྱི་དཔལ་ནཱ་ལེནྜའི་མཁས་པ་རྣམས་ཀྱིས་ལེགས་སྦྱར་གྱི་སྐད་ཐོག་རྩོམ་པར་མཛད་པ་གསལ་པོ་རེད་ཅེས་སྔོན་འགྲོའི་གསུང་ཆོས་སྐབས་བཀའ་སྩལ་ཏོ། །