4373

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
པུ་ཤུ
Tibetan Definition <ཨུཔཱཾཤུ> 1 ཁང་པའི་ཡང་ཐོག ཐོག་བརྩེགས་གཉིས་པ། རྩེ་ཐོག་ལའང་འཇུག་པར་བཤད། པུ་ཤུ་ཞེས་པ་ལེགས་སྦྱར་གྱི་ཨུཔཱཾཤུཟུར་ཆག་པར་སེམས། པུ་ཤུའི་སྐད་དོད་ཨུཔཱཾཤུཞེས་པ་བྱེ་བྲག་རྟོགས་བྱེད་ཆེན་པོ་༦༨རྒྱབ་གཟིགས་སུ་གསལ། 2 གསིལ་ཁང་། 3 ཐོག་གཡོགས། ཐོག་གཡབ། འདི་མཆོད་རྟེན་ཉི་མ་དང་ཆར་པ་སོགས་ལས་སྐྱོབ་བྱེད་ཀྱི་ཐོག་གཡོགས་ལ་ཟེར། མདོ་རྩ་བར་མཆོད་རྟེན་གྱི་པུ་ཤུ་ཞེས་ཐ་སྙད་གསུངས་ཡོད། དེ་ལ་ཡོངས་གྲགས་སུ་མཆོད་རྟེན་གྱི་བྲེ་ཞེས་པའི་ཐ་སྙད་བྱེད། 4 རྒྱལ་པོའི་ཕོ་བྲང་གི་མཐའ་སྐོར་དུ་སྲུང་སྐྱོབ་ཀྱི་ཆེད་དུ་ཆུ་སྐྱོར་གྱི་ར་བ་ཡོད་པ་དེ་དང་། ལྕགས་རིའི་མིང་དུ་བཤད་པའང་མཐོང་།