4397

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར
Tibetan Definition ཡི་གེ་པཾཡོངས་སུ་གྱུར་པའི་པདྨ་དང་། ཨ་ཡིག་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་དུ་གྱུར་ཅེས་པའི་དོན། དེ་ཡང་པྃཞེས་པའི་ཟླ་ཚེས་ཐིག་ལེ་དོར་བའི་པནི་ལེགས་སྦྱར་གྱི་ पद्म པདྨའི་མིང་ཡིག་དང་པོ་ཡིན་ལ།ཨནི། अब्जः ཨབྫཿཞེས་པའི་ལེགས་སྦྱར་གྱི་ཟླ་བའི་མིང་ཡིག་དང་པོ་ཡིན་ནོ། །སྔགས་ལུགས་ལ་ཆོས་ཐམས་ཅད་བདེ་སྟོང་གི་རང་བཞིན་དུ་ལྟ་བའི་ཆེད་དུ་མིང་ཡིག་དང་པོ་ཐམས་ཅད་ལ་བདེ་སྟོང་མཚོན་པའི་ཡི་གེ་ཟླ་ཚེས་ཐིག་ལེ་སྦྱར་བ་ཡིན། དཔེར་ན་སྒྲོལ་མ་ལ་ཏཱ་ར་ཞེས་བྱ་ལ། དེའི་མིང་ཡིག་དང་པོ་ཏཱལ་ཏཱུྃཞེས་སྦྱར་བ་བཞིན་ནོ། །