4407

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
པྲི་ཡང་ཀུ
Tibetan Definition (ལེགས་སྦྱར) དགའ་བྱེད་དམ་དགའ་འགྲོ། དྲི་བཟང་པོ་དང་ལྡན་པའི་སྔོན་སྨན་གྱི་རིགས་ཤིག བུད་མེད་ཀྱིས་རེག་ན་མེ་ཏོག་ཁ་འབྱེ་བར་གྲགས། འདི་ལ་བུད་མེད་མིང་ཅན་ཟེར། དེའི་བཀླག་ཚུལ་ནི། པིར་ཡང་ཀུ་ཞེས་པ་ལྟ་བུར་བཀླག་དགོས། རྒྱ་གར་གྱི་སྐད་དུ་ Priyangu ཟེར། ཤིང་འབྲས་རོ་མངར་ལ་ཁ། རེག་བྱ་བསིལ། པགས་ནད་སེལ་བར་བཤད། ཀླུ་མོ་གུར་གུམ་གྱི་མིང་ཡིན་པར། འཕགས་བོད་སྐད་གཉིས་ཤན་སྦྱར་ན་གསལ།