4415

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕ་གུ་རིམ་པ་གསུམ་ལས་ལྷག་པར་རྩིག་པའི་ལྟུང་བྱེད
Tibetan Definition (འདུལ་བ) འབའ་ཞིག་པ་དགུ་བཅུའི་ཉི་ཤུ་པ། ཕ་གུ་རིམ་པ་གསུམ་ལས་ལྷག་པར་རྩིག་པའི་ལྟུང་བྱེད་ཀྱི་ངོ་ཏི་ནི། བཅས་ལྡན་དགེ་སློང་གིས་གཙུག་ལག་ཁང་བརྩིག་པ་ན་ཉིན་ཞག་གཅིག་ལ་ཕ་གུ་རིམ་པ་གསུམ་ལས་ལྷག་པར་བརྩིགས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ།། གླེང་གཞི་ནི། ཡུལ་ཀཽ་ཤཱམྦྷིར་ག་སྡེས་ཉི་མ་གཅིག་ལ་གཙུག་ལག་ཁང་སུམ་བརྩེགས་བརྩིགས་ཟིན་པར་བྱས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་གཙུག་ལག་ཁང་འཇིག་པར་འགྱུར་ཞིང་དོན་དང་བྱ་བ་མང་པའོ། །