4419

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕ་བ་དགོ་དགོ
Tibetan Definition ཤ་མོང་གི་རིགས་ཤིག ལུང་ཞུ་བའི་འགྲེལ་པ་ལས། ཕ་བ་དགོ་དགོ་ནི་འབྲུག་གྲག་པའི་ཚེ་འབྱུང་བ་འཕྲུམ་འདྲ་བའི་རྔད་ཅིག་གོ། ཤ་མོ་ནི་ཤ་མོ་ཞེས་བྱ་བའི་རྔད་ཅིག་སྟེ། ཤ་མོ་ཁོ་ལུ་ཞེས་བྱ་བའི་ཐ་ཚིག་གོ། ཞེས་གསུངས། མདོ་རྩ་རང་འགྲེལ་ལས་ཀྱང་དེ་བཞིན་དུ་གསུངས། རྣམ་འབྱེད་འགྲེལ་པ་ལས། འབྲུག་གི་སྒྲས་བསླང་བ་ཕྲུམ་གྱི་རྣམ་པ་ལྟ་བུ་ལྟུང་མོའི་ཞེས་བྱུང་བས་ཤ་མོ་དང་རིགས་གཅིག་པ་ཡིན་ཀྱང་ཟར་མི་རུང་བ་བཀས་ཆགས་ན་ནང་ནས་དུད་པ་འཐུལ་ནས་འོང་བ་དེའོ། །ཞེས་གསུངས་སོ། །ངག་སྒྲོན་འགྲེལ་པར། ཕ་བ་དགོ་དགོ་ནི་མེ་མེད་དུ་བ་སྟེ་ཁྲག་གཅོད་ཀྱི་སྨན་ཞེས་གསལ།