From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཕ་བོང་ཁ་པ
|
Tibetan Definition
|
2 ཕ་བོང་ཁ་པ་བདེ་ཆེན་སྙིང་པོ། གྲུབ་མཐའ་གཞན་ཕྱོགས་པ་འགའ་ཞིག་གིས། བླ་མ་འདིས་སློབ་དཔོན་རིན་པོ་ཆེའི་འདྲ་སྐུ་ཆུར་བསྐྱུར་བ་སོགས་ཀྱིས་རྣམ་རྟོག་དགྲར་ལངས་ཀྱི་མི་བདེན་པའི་སྒྲོ་སྐུར་སྣ་ཚོགས་ཤིག་བཤད་སྣང་བ་ནི་བདེན་པར་མི་སྣང་སྟེ། ཕ་བོང་ཁ་པའི་མདོ་སྔགས་ཀྱི་དྲིས་ལན་༣༤བ༣ལས། ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ནི་རྒྱ་གར་གྱི་པཎ་གྲུབ་ཚད་ལྡན། ངོ་བོ་ཇོ་བོ་རྗེ་དང་འཇམ་མགོན་ཙོང་ཁ་པ་རྣམ་གསུམ་དབྱེར་མེད། ཁོ་བོ་ཡང་དད་གུས་དྲག་པོ་ཁ་ཞེ་གཉིས་པ་སྙིང་གི་མཐིལ་དུ་ཡོད། ཅེས་གསུངས་ཤིང་། ཡང་མདོ་སྔགས་ཀྱི་དྲིས་ལན་༡༡བ༦ལས། ཁོ་བོའི་ཤག་ཏུ་ཡང་ཨོ་རྒྱན་ཆེན་པོ་སྣང་བརྙན་དང་། རྙིང་ལུགས་ཀྱི་དཔེ་ཆ་མང་དུ་ཡོད་མུས་ལགས། ཞེས་གསལ་བར་གསུངས་འདུག་པས་སོ། །
|