From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཕ་རྒྱུད་མ་རྒྱུད་གཉིས་མེད་ཀྱི་རྒྱུད
|
Tibetan Definition
|
རྒྱུད་ལ་ཕ་རྒྱུད་མ་རྒྱུད་གཉིས་མ་གཏོགས། གཉིས་མེད་ཀྱི་རྒྱུད་ཅེས་ཟུར་དུ་མི་འབྱེད་དེ། བླ་མེད་ཀྱི་རྒྱུད་ཐམས་ཅད་དོན་དུ་གཉིས་མེད་ཀྱི་རྒྱུད་ཡིན་པས། གཉིས་མེད་ཀྱི་རྒྱུད་ནི་ཕ་མའི་རྒྱུད་གཉིས་ཀྱི་དབྱེ་གཞི་ཡིན་གྱི་ཕྱེ་བའི་ཡ་གྱལ་མ་ཡིན་པར་རྗེ་ཙོང་ཁ་པ་ཆེན་པོས་གསུངས་ཏེ། འགྲེལ་པ་བཞི་བསྒྲགས་ལས། བླ་མེད་ཀྱི་རྒྱུད་ཐམས་ཅད་རང་གི་ངོ་བོའི་གནས་ཚུལ་ནི་གཉིས་སུ་མེད་པའི་རྒྱུད་ཉིད་དུ་གནས་སོ། །དེའི་ཕྱིར་ཐབས་ཤེས་དེ་གཉིས་ཀྱི་དབང་དུ་བྱས་ནས་ཐབས་ཤེས་ཕྱོགས་རེ་བའི་རྒྱུད་དུ་འཇོག་པའི་མིན་པས། གཉིས་མེད་ཀྱི་རྒྱུད་ནི་ཕ་རྒྱུད་དང་མ་རྒྱུད་གཉིས་ཀྱི་དབྱེ་གཞིར་བྱའི་ཕྱེ་བའི་ཡ་གྱལ་དུ་མི་གཟུང་ངོ༌། །ཞེས་གསུངས་པ་ལྟར་རོ། །
|