4450

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕཊ
Tibetan Definition 3 དོན་གང་ཞིག་གསལ་དུ་གཏོང་བའི་དོན། རྗེའི་འགྲེལ་པ་བཞི་སྦྲགས་ལས། ཧཱུྂ་གཉིས་ནི་སྐབས་ཀྱི་དོན་གང་ཡིན་པ་ལ་དམིགས་པ། ཕཊ་ནི་དེ་གསལ་བར་བྱེད་པ། སྭཱ་ཧཱ་ནི་དབུགས་འབྱིན་པའོ། །ཞེས་དང་། ཡང་དེ་ཉིད་ལས། ཕཊ་ཕཊ་ཅེས་པ་ནི་དེ་གསལ་བར་བྱེད་པའི་ས་བོན་ནོ། །ཞེས་གསུངས་སོ། །པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་གསང་འདུས་བསྐྱེད་རིམ་རྣམ་བཤད་ལས་ཀྱང་། ཕཊ་ནི་དོན་དེ་གསལ་བར་བྱེད་པ་དང༌། ཞེས་གསུངས་སོ། །