4453

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕན་པའི་ས
Tibetan Definition ས་གཞི་བཟང་པོ་ཞེས་པ་སྟེ། སྐབས་འདིར་ལོ་ཏོག་ཕུན་སུམ་ཚོགས་པ་སྟེར་བའི་ཞིང་སའམ་ས་གཞི་བཟང་པོ་དང་འདྲ་བའི་དལ་འབྱོར་གྱི་རྟེན་བཟང༌ལ་གོ་དགོས། སྤྱོད་འཇུག་ལས། ཤིན་ཏུ་རྙེད་དཀའ་ཕན་པའི་ས། །ཇི་ཞིག་ལྟར་སྟེས་རྙེད་གྱུར་ནས། །བདག་ཉིད་ཤེས་དང་ལྡན་བཞིན་དུ། །ཕྱིར་ཡང་དམྱལ་བ་དེར་ཁྲིད་ན། །སྔགས་ཀྱིས་རྨོངས་པར་བྱས་པ་བཞིན། །བདག་ལ་འདིར་སེམས་མེད་དུ་ཟད། །ཅེས་གསུངས་པ་ལྟར་རོ། །སློབ་དཔོན་ཤེས་རབ་འབྱུང་གནས་བློ་གྲོས་ཀྱི་སྤྱོད་འཇུག་དཀའ་འགྲེལ་ལས། ཕན་པའི་ས་ནི་ཕན་པ་དང་བདེ་བའི་དོན་དུ་དལ་བ་ཕུན་སུམ་ཚོགས་པ་དང༌། དགེ་བའི་བཤེས་གཉེན་དང་ཕྲད་པ་ཤིན་ཏུ་རྙེད་དཀའ་བ་ནི་བསྟན་ཟིན་ཏོ། །ཞེས་གསུངས།