4454

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕན་ཕུན
Tibetan Definition (འདུལ་བ) 1 མ་རུང་པའི་དོན་ཡིན། འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་༼ ཚུ ༽༡༣༧ན༣ལས། ཕན་ཕུན་ཞེས་བྱ་བ་ནི་མ་རུང་པའོ། །ཞེས་གསུངས་པ་ལྟར་རོ། །2 དམ་དུམ་གྱི་དོན་དུ། བེའུ་བུམ་སྔོན་པོའི་མིང་བརྡ་གོ་དཀའ་བ་འགའ་ཞིག་བཤད་པ་སོམ་ཉིའི་མུན་སེལ་ལས་བཤད། ཆ་ཤས་ཆུང་ངུ་། ཅུད་ཟད། ཉུང་ཟད་བཅས་ཀྱི་དོན། བེའུ་འགྲེལ་ལས། ཟང་ཟིང་ཕན་ཕུན་བྱུང་ན་ཆོས་བྱས་པའི་འབྲས་བུ་བྱུང་། ཞེས་པ་ལྟ་བུའོ། །3 ཆ་ཤས་དམ་དུམ་དུ་གྱུར་ནས་ཆུད་འཛའ་བའི་དོན། གནས་མལ་ཕན་ཕུན་དུ་གྱུར་པའི་ལྟུང་བྱེད་ཅེས་པ་ལྟ་བུ། 4 མི་མཐུན་པའམ་འཆོལ་བའི་དོན་ཏེ། སེམས་སྣང་ཕན་ཕུན་དུ་གྱུར་པ་ཞེས་པ་ལྟ་བུ། ཞེས་དག་གསར་ལས་བཤད།