4455

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕན་བདེ
Tibetan Definition ཕུགས་སུ་ཕན་པ་དང་འཕྲལ་དུ་བདེ་བའི་ཕུན་ཚོགས་ཐམས་ཅད་ལ་ཟེར། བདེ་སྐྱིད། ཕུན་ཚོགས། འཇིག་རྟེན་ལས་འདས་མ་འདས་ཀྱི་ཕུན་ཚོགས་དང་བདེ་སྐྱིད་ཐམས་ཅད་ལ་གོ སྒྲ་བཤད་ནི། ཕུགས་སུ་ཕན་པ་དང་། འཕྲལ་དུ་བདེ་བས་ན་ཕན་བདེའོ། །རྗེའི་ལམ་རིམ་ཆེན་མོ་ལས། འགྲོ་བ་རྣམས་ལ་ཕུགས་སུ་ཕན་པ་དང་གནས་སྐབས་སུ་བདེ་བ་བསྐྱེད་པའི་ཕྱིར་དུ། ཞེས་དང་། རྗེའི་འགྲེལ་པ་བཞི་སྦྲགས་༤༩༦བ༡ལས་ཀྱང་། སེམས་ཅན་ལ་ཕུགས་སུ་ཕན་ཞིང་འཕྲལ་དུ་བདེ་བ་དང་། ཞེས་གསུངས་པ་ལྟར་རོ། །མདོ་སྡེ་རྒྱན་གྱི་འགྲེལ་པ་ལས། སེམས་ཅན་རྣམས་ལ་ཕན་པ་དང་། བདེ་བར་བྱེད་ཅེས་བྱ་བ་ལ། ཕན་པ་བྱེད་པ་ནི་ཚེ་ཕྱི་མའི་ལྷ་ལ་སོགས་པའི་བདེ་བ་ལ་སྦྱོར་བའོ། །བདེ་བ་བྱེད་པ་ནི་མཐོང་བའི་ཆོས་ཁོ་ན་ལ་བདེ་བ་ལ་སྦྱོར་བའོ། །ཞེས་གསུངས་པ་ལྟར་རོ། །འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་༼ ཚུ ༽༨༥ན༢ལས་ཀྱང་། ཕན་པ་ཞེས་བྱ་བ་ནི་དུས་གཞན་ན་ཕན་པའོ། །བདེ་བ་ཞེས་བྱ་བ་ནི་གཏན་དུའོ། །ཞེས་གསུངས་སོ། །