4471

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕར་ཕྱིན་དྲུག་ཏུ་གྲངས་ངེས་ཚུལ
Tibetan Definition ཟང་ཟིང་བཏང་བས་ཕ་རོལ་པོའི་ཕོངས་པ་སེལ་བའི་སྦྱིན་པ། སེམས་ཅན་གང་ལ་ཡང་ཕར་འཚེ་བ་མི་བྱེད་པའི་ཚུལ་ཁྲིམས། ཚུར་གནོད་པ་བྱེད་པ་ལ་མི་ཁྲོ་བའི་བཟོད་པ། གཞན་དོན་བྱེད་པ་ལ་མི་སྐྱོ་བའི་བརྩོན་འགྲུས། རྫུ་འཕྲུལ་དང་མངོན་ཤེས་སོགས་ཀྱིས་གཞན་གྱི་ཡིད་ཆོས་ལ་དང་བ་དང་འདུན་པར་བྱེད་པའི་བསམ་གཏན། སྣོད་རུང་དུ་སོང་བ་ན་གནས་ལུགས་ཀྱི་དོན་ལེགས་པར་བཤད་དེ་ཐེ་ཚོམ་ཐམས་ཅད་བཅད་པས་གྲོལ་བར་བྱེད་པའི་ཤེས་རབ་སྟེ་ཕ་རོལ་དུ་ཕྱིན་པ་དྲུག་ཏུ་གྲངས་ངེས་སོ། །