4479

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕས་ཕམ་པ
Tibetan Definition (འདུལ་བ) 1 ཕམ་པའི་ལྟུང་བའི་མིང་། དཔེར་ན་ཕས་ཕམ་པ་དང་དགེ་འདུན་ལྷག་མ་གཉིས་སོ། །ཞེས་པ་ལྟ་བུ། ཕས་ཞེས་པ་ནི་ཕ་རོལ་གྱིས་ཞེས་པའི་ཚིག་སྣ་བསྡུས་པའོ། །2 སྔགས་ཀྱི་རྩ་ལྟུང་གི་མིང་། རྗེའི་གསང་སྔགས་ཀྱི་ཚུལ་ཁྲིམས་ཀྱི་རྣམ་བཤད་དངོས་གྲུབ་ཀྱི་སྙེ་མ་ལས། ཐོག་མར་རྩ་བའི་དམ་ཚིག་སྟོན་པ་ནི། ཕས་ཕམ་པར་རྒྱུད་སྡེ་རྣམས་ལས་རབ་ཏུ་བཤད་པའི་བཅུ་བཞི་རྣམས་ཀྱི་བཅས་པ་སྟེ་དེ་རྣམས་ལ་མིང་གཉིས་པ་རྩ་བའི་ལྟུང་བ་ཞེས་ཀྱང་བཤད་དོ། །དེས་སྡོམ་པ་གཅོད་པས་གཉེན་པོའི་ཕྱོགས་ཕམ་པར་བྱེད་ཅིང་དེ་ཡང་ཕ་རོལ་མི་མཐུན་ཕྱོགས་ནས་ཚུར་ལ་ཕམ་པར་བྱས་པས་ཕས་ཕམ་མོ། །ཞེས་གསུངས།