4490

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕུག་ཏྲིག
Tibetan Definition (འདུལ་བ) བ་ལང་སོགས་རྭ་འཛིང་གཏུག་གྲབས་བྱེད་དུས་ངར་ངར་བྱེད་ནས་རྐང་ལག་གིས་ས་འཐོར་བ་ལ་ཟེར། འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་༡༣༢བ༥ལས། ཕུག་ཏྲིག་ཅེས་བྱ་བ་ནི་རྐང་ལག་གིས་ས་འཐོར་བའོ། །ཞེས་གསུངས་སོ། །སེང་གེ་དང་ཁྱུ་མཆོག་གི་གཏམ་རྒྱུད་འཆད་པའི་སྐབས་ཀྱི་ལུང་རྣམ་འབྱེད་༼ ཆ་པ ༽༢༤༠བ༥ ལས། སེང་གེས་སྨྲས་པ། ཞང་པོ་གོ་རིམ་ཇི་ལྟར་འོང་བར་འགྱུར། ཝས་སྨྲས་པ། ཚ་བོ་ཁྱུ་མཆོག་འདི་ལྷས་ནས་བྱུང་ནས་བྱ་སྨྱང་བྱེད་པར་འགྱུར་ལ། བྱ་སྨྱང་བྱས་ནས་འབུ་སྒྲ་འབྱིན་པར་འགྱུར་ཞིང་། འབུ་སྒྲ་ཕྱུང་ནས་ཕུག་ཐྲིག་བྱེད་པར་འགྱུར། ཕུག་ཐྲིག་བྱས་ནས་རྔམ་པ་བྱས་ཏེ་ཁྱོད་ཀྱི་མདུན་དུ་འོང་བར་འགྱུར་ན། ཁྱོད་ཀྱིས་བདག་འདིས་བསད་དོ་སྙམ་དུ་ཤེས་པར་གྱིས་ཤིག །ཅེས་གསུངས་སོ། །སྒྲ་བཤད་ནི། རྨིག་པས་ས་ཕུག་ནས་ཏྲིག་གམ་ཐྲིག་ཅེས་པའི་སྒྲ་འདོན་པས་ན་དེ་སྐད་ཅེས་བྱ་བར་སེམས་སོ། །