4492

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕུག་པ་ལྷུན་གྲུབ་རྒྱ་མཚོའི་གསུང་འབུམ་དཀར་ཆག
Tibetan Definition རྒྱལ་བ་ཙོང་ཁ་པའི་འཁོར་དག་པ་རྣམ་བརྒྱད་ཀྱི་ནང་ཚན་འོལ་ཁ་ཉི་མ་གླིང་གི་བླ་མ་བཟང་སྐྱོང་བ་དང་གཙང་ཆུད་པ་ཆོས་གྲགས་རྒྱ་མཚོ་གཉིས་ཀའི་དངོས་སློབ་ཕུག་པ་ལྷུན་གྲུབ་རྒྱ་མཚོའི་གསུང་འབུམ་དཀར་ཆག་ནི། ༼ ཀ་པར ༽པད་དཀར་ཞལ་ལུང་ལ་ཉིས་བརྒྱ་དང་བཅུ་དྲུག་པད་དཀར་ཞལ་ལུང་ལ་མི་གསལ་བ་གསལ་བའི་ཕྱིར་ཆོས་ཚན་བཅུ་གཅིག་མཁས་གྲུབ་རྟ་ནག་ནོར་བཟང་རྒྱ་མཚོས་མཛད་པ་པད་དཀར་ཞལ་ལུང་གི་མཇུག་ཏུ་ཡོད་པ་ནི། ༼ ཁ་པར ༽རྩིས་འཕྲོ་གསལ་སྒྲོན་ལ་སོ་གཅིག ༼ ག་པར ༽རྩིས་ཀྱི་སྟོང་འཇུག་ལྷན་ཐབས་ལ་ཉེར་གཉིས། ༼ ང་པར ༽རྩིས་ཀྱི་ལོག་རྟོག་ཀུན་སེལ་ལ་སོ་གཅིག་ཅ་པར་རྩིས་ཀྱི་དུས་བཞི་གཡས་བསྐོར་གསལ་སྒྲོན་ལ་ཉེར་གཉིས། ༼ ཆ་པར ༽རྩིས་ཀྱི་གཟའ་ཉིའི་སྤྱི་ནོར་གསལ་སྒྲོན་ལ་དྲུག ༼ ཇ་པར ༽རྩིས་ཀྱི་ཉི་ལྡོག་གསལ་སྒྲོན་ལ་ཉི་ཤུ། ༼ ཉ་པར ༽རྩིས་ཀྱི་ཉི་ཤུ་བཅོ་ལྔ་འཆར་བའི་ས་གང་ཡིན་དཔྱད་པ་ལ་ལྔ། ༼ ཏ་པར ༽རྩིས་ཀྱི་དུས་བཞི་གཡས་བསྐོར་ལ་ལྔ། ༼ ཐ་པར༽གྲུབ་རྩིས་མུན་སེལ་སྒྲོན་མེ་ལ་བཅོ་ལྔ། ༼ ད་པར ༽རྩིས་ཀྱི་སྒོ་བརྒྱ་འབྱེད་པའི་ལྡེ་མིག་ལ་བཅོ་ལྔ། ༼ ན་པར ༽ངག་རྩིས་དང་བྱེད་མདོ་ལ་ཉེར་གསུམ། ཁྱོན་བསྒྲིལ་བཞི་བརྒྱ་དང་ཉེར་དགུ་རྣམས་སོ། །