4494

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕུང་ཀྲོལ
Tibetan Definition (བརྡ་རྙིང) (འདུལ་བ) 1 འཐབ་རྩོད། ཕུང་བྱེད་དམ་ཉེས་དམིགས། ཉེས་པ་མང་པོའི་རྩ་བ། རང་གཞན་ཕུང་ལ་སྦྱོར་བའི་ལས། རྩོད་གླེང་སློང་བའི་བྱ་སྤྱོད། འགལ་ཚབས་ཅན། ཀླུ་སྒྲུབ་ཀྱི་བཤེས་སྤྲིང་༤༡བ༦ལས། འདོད་པ་རྣམས་ནི་ཕུང་ཁྲོལ་བསྐྱེད་པ་སྟེ། །རྒྱལ་བའི་དབང་པོས་ཀིམྤའི་འབྲས་འདྲར་གསུངས། །ཞེས་གསུངས་སོ། །2 དོན་མེད་པ། ལྕང་སྐྱ་རོལ་པའི་རྡོ་རྗེ་དང་། ལི་ཤིའི་གུར་ཁང་གསུང་། དོན་མེད་ཀྱི་བྱ་བའི་མིང་པར་ཁ་ཅིག་བཤད། 3 རྒྱལ་པོས་ཆད་པ་བཅད་པས་གསད་བྱ་གསོད་བྱེད། མཚོ་ཊཱིཀ་ལས་གསུངས། གསོད་པའམ་རིགས་ཀྱང་རླག་པར་བྱེད། ཅེས་དཔུང་བཟང་གིས་ཞུས་པའི་འགྲེལ་པ་ལས་ཀྱང་དེ་བཞིན་དུ་གསུངས། 4 རྐུན་པོའི་བྱེ་བྲག ཅེས་རྒྱ་ཆེར་འགྲེལ་ལས་གསུངས་པ་ལྟར་ཏེ། སྙིང་རྗེ་མེད་པར་རྫས་བདག་བསད་ནས་མ་བྱིན་པར་ལེན་པའི་དོན་ཡིན།