4499

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕུང་པོ་གསུམ་པའི་མདོ
Tibetan Definition ལྟུང་བཤགས། འདིར་ཕུང་པོ་གསུམ་པའི་མདོ་གཞན་ཡོད་ཀྱང་འདི་ཐད་ཀྱི་བསླབ་བཏུས་སུ་ལྟུང་བ་བཤགས་པ་ཉིད་དྲངས་སོ། །མདོ་འདི་དཀོན་བརྩེགས་ཀྱི་ཉེ་བར་འཁོར་གྱིས་ཞུས་པ་ལས་བྱུང་བར། དཔའ་བོ་གཙུག་ལག་ཕྲེང་བ་གསུང་ངོ༌། །དེ་ལ་འཕགས་པ་ཕུང་པོ་གསུམ་པ་ཞེས་བྱ་བའི་ཐེག་པ་ཆེན་པོའི་མདོ་ཞེས་ཟེར། ཕུང་པོ་གསུམ་ནི། ཚོགས་གསོག་པ། སྒྲིབ་པ་སྦྱོང་བ། དགེ་རྩ་སྤེལ་བ་སྟེ་བསྔོ་བ་དང་གསུམ་མོ། །ཡང་དཔའ་བོ་གཙུག་ལག་ཕྲེང་བའི་སྤྱོད་འཇུག་འགྲེལ་པར་༦༩༣ལས། བཤགས་པའི་ཕུང་པོ། རྗེས་སུ་ཡི་རང་བའི་ཕུང་པོ། བསྔོ་བའི་ཕུང་པོ་དང་གསུམ་ལ་བཤད་དོ། །