4501

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕུང་པོ་ལྔའི་རབ་བྱེད
Tibetan Definition (ཕར་ཕྱིན) <པཉྩ་སྐནྡྷ་པྲ་ཀ་ར་ཎཾ> 1 དཔལ་ལྡན་ཟླ་བ་གྲགས་པས་མཛད་པར་གྲགས། ནག་ཚོའི་འགྱུར། འདི་སུས་མཛད་ལ་བཞེད་ཚུལ་མི་མཐུན་པ་ཡོད་དེ། (རྗེ་ཙོང་པ་ཆེན་པོ) རྗེ་ཙོང་ཁ་པ་ཆེན་པོས་དབུ་མ་ཕུང་པོ་ལྔའི་རབ་བྱེད་འདི་དཔལ་ལྡན་ཟླ་བས་མཛད་པ་མིན་པར་གསུངས་ཏེ། རྗེའི་འགྲེལ་པ་བཞི་སྦྲགས་ལས། གང་སྒྲར་གྲགས་པ་སེམས་ཀྱིས་ཟིན་པའི་འབྱུང་བ་ལས་བྱུང་བ་ངག་སྨྲ་བ་ལྟ་བུ་དང་། སེམས་ཀྱི་མ་ཟིན་པ་ལས་བྱུང་བ་ཆུའི་སྒྲ་སོགས་དང་། ཟིན་མ་ཟིན་གཉི་གའི་འབྱུང་བ་ཆེན་པོ་ལས་བྱུང་བ་ལག་པས་རྔ་ལ་བརྡབས་པའི་སྒྲ་ལྟ་བུ་ཇི་སྙེད་པ་དེ་ཐམས་ཅད་རྣ་བའི་དྲུང་ན་འཁོད་པ་བཞིན་མངོན་ཤེས་ཏེ་རྫུ་འཕྲུལ་གྱིས་ཐོས་པར་འགྱུར་རོ། །འོ་ན་དེ་སློབ་དཔོན་འདིས་མཛད་ཟེར་བའི་དབུ་མ་ཕུང་པོ་ལྔ་པར། ཟིན་མ་ཟིན་གཉིས་ཀ་ལས་བྱུང་བའི་སྒྲ་མེད་པར་བཤད་པ་ཇི་ལྟར་ཡིན་ཞེ་ན། སློབ་དཔོན་འདི་ལ་ཁ་གཡར་བྱས་པའི་གཞུང་མང་དུ་སྣང་བ་བཞིན། འདི་ཡང་དེ་རྣམས་དང་འདྲ་བ་ཡིན་པས་སྐྱོན་མེད་དོ། །ཞེས་གཞུང་འདི་ཟླ་བས་མཛད་པ་མིན་པར་བྱས་འདུག དེ་ལྟ་ནའང་ཉོན་མོངས་ཀྱི་མཚན་ཉིད་ཤེས་པ་ལ་ཆོས་མངོན་པ་དང་། མ་མཐའ་ནའང་ཕུང་པོ་ལྔའི་རབ་བྱེད་མཉན་དགོས་པར། རྗེའི་ལམ་རིམ་དུ་གསུངས་སོ། ། (བུ་ལུགས) བུ་སྟོན་ཐམས་ཅད་མཁྱེན་པས་དེ་སློབ་དཔོན་ཟླ་བ་གྲགས་པས་མཛད་པར་ཞལ་གྱིས་བཞེས་སོ། །2 ཡང་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་པྲ་ཀ་ར་ཎ་སྡེ་བརྒྱད་ཀྱི་ནང་ཚན་ཕུང་པོ་ལྔའི་རབ་ཏུ་བྱེད་པ་ཞེས་བྱ་བ་དེའི་མིང་།