From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཕུན་ཚོགས་སྡེ་བཞི
|
Tibetan Definition
|
ནོར་གྱི་སྡེ། འདོད་པའི་སྡེ། ཆོས་ཀྱི་སྡེ། ཐར་པའི་སྡེ་དང་བཞི་སྟེ། ནོར་ལོངས་སྤྱོད། འདོད་པ་ (འདོད་བྱ) བདེ་སྐྱིད། ཆོས་དགེ་བ། ཐར་པ་མྱང་འདས་དང་བཞིའོ། །དེ་ཡང་བདེ་སྐྱིད་འདོད་ནས་ནོར་བསྒྲུབ་པ་འཁོར་བའི་དབང་དུ་བྱས་པ་དང་། ཐར་པ་འདོད་ནས་ཆོས་བསྒྲུབ་པ་མྱང་འདས་ཀྱི་དབང་དུ་བྱས་པ་གཉིས་སོ། །འདི་ལ་ཚངས་པ་སྡེ་བཞིའང་ཟེར་རོ། །བསྡུ་ན་འཁོར་འདས་ཀྱི་ཕྱོགས་གཉིས་སུ་བསྡུའོ། །དོགས་གཅོད། འདོད་པ་ཞེས་པ་ནི་གོང་དུ་བཤད་པ་ལྟར་འདོད་བྱ་བདེ་སྐྱིད་ལ་གོ་དགོས་ཏེ། དཔེར་ན་བསླབ་བྱ་ལ་བསླབ་པ་དང༌། སྦ་བྱ་ལ་སྦ་བ་ཞེས་པ། དཔེར་ན་འདོམས་ཀྱི་སྦ་བ་ལྟ་བུ་དང༌། བཏུང་བྱ་ལ་བཏུང་བ། བཟའ་བྱ་ལ་བཟའ་བ་ལྟ་བུ་ཆེས་མང་ངོ༌། །
|