4514

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕུར་པ
Tibetan Definition 1 (གསང་སྔགས) གདོན་འགེགས་འདུལ་བྱེད་ཀྱི་མཚོན་ཆ་ཞིག རྒྱུ་ནི། སེང་ལྡེང་དང་རུས་པ་དང་ལྕགས་གསུམ་གང་རུང་ལས་བྱས་པ། སྲིད་ཚད་ནི། སོར་བཅོ་བརྒྱད་པ་བཅུ་གཉིས་པ་དང་བརྒྱད་པ་གསུམ་གང་རུང༌། སྦོམས་ཚད་ནི། རང་རང་གི་སྲིད་ཚད་ཀྱི་གསུམ་ཆའོ། །དབྱིབས་ནི། སྟོད་ཁྲོ་བ་ལ། སྨད་རྡོ་རྗེ་རྩེ་གཅིག་པའམ་ཕུར་བུའི་རྣམ་པའོ། །རྗེའི་སྔགས་རིམ་ཆེན་མོ་ལྟར་བཀོད།