4521

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕུར་ལྕོག་ངག་དབང་བྱམས་པའི་གསུང་འབུམ་དཀར་ཆག
Tibetan Definition རྗེ་ངག་དབང་བྱམས་པའི་གསུང་འབུམ་མཚན་ཐོ་ནི། པོད་དང་པོར། རྗེ་ཙོང་ཁ་པའི་རྟོགས་བརྗོད་འདུན་ལེགས་པའི་ཊཱི་ཀ་ལ་དོན་དྲུག རྟེན་འབྲེལ་བསྟོད་པའི་ཊཱི་ཀ་ལ་སོ་དྲུག་འཇམ་དབྱངས་ཀྱིས་རྗེ་ལ་གནང་བའི་ཊཱི་ཀ་གནད་དོན་གསལ་བ་ལ་དགུ། བྱམས་པའི་བསྟོད་པ་ཚངས་པའི་ཅོད་པཎ་གྱི་འགྲེལ་པ་ལ་བཅུ་གསུམ། སྟག་ཚང་ལོ་ཙཱ་བའི་བརྒལ་ལན་ལ་ཞེ་གཅིག་བརྒྱད་སྟོང་འཆད་ཚུལ་མདོར་བསྡུས་ལ་བདུན། སོ་ཐར་བྱང་སེམས་གསང་སྔགས་གསུམ་གྱི་ལྟུང་བ་ངོས་འཛིན་བཤགས་སྡོམ་བྱེད་ཚུལ་ལ་བཅུ་གཅིག །ཡེ་ཤེས་རྒྱལ་མཚན་གྱི་དྲིས་ལན་ལ་བཅུ་བཞི། གསུང་མགུར་བསླབ་བྱའི་རིམ་པ་ལ་གོ་གཅིག །བླ་མའི་མན་ངག་སྐྱེས་བུ་ཆེན་པོའི་སྐོར་ལ་ཉེར་གསུམ། བྱང་ཆུབ་ལམ་རིམ་དྲིས་ལན་ལ་ཉེར་གསུམ། འཇིགས་བྱེད་གཙོ་རྐྱང་དང་སེང་གདོང་མ་རྟ་མགྲིན་བཅས་ཀྱི་མངོན་རྟོགས་ལ་བཅུ། ལྟ་བ་བཀར་བཏགས་ཀྱི་རྩོད་ལན་ལ་སོ་བདུན། ཐིག་ལེ་བཅུ་དྲུག་དང་བཀའ་གདམས་སྒྲོལ་མ་བཅུ་གཉིས་ཀྱི་གཏོར་འབུལ་བཅས་ལ་བཅུ་དགུ། འཇམ་དབྱངས་ནང་སྒྲུབ་ལ་དགུ། སྒྲོལ་དཀར་བསྙེན་སྒྲུབ་དང་དེ་ཡི་བུམ་སྒྲུབ་བྱེད་ཚུལ་ལ་བཅུ་གཅིག པོད་གཉིས་པར། རྗེ་དགེ་ལེགས་རྒྱ་མཚོའི་རྣམ་ཐར་ལ་དྲུག་ཅུ། རྗེ་དགེ་ལེགས་རྒྱ་མཚོའི་གསུང་ཟིན་བྲིས་བྱང་སེམས་སྦྱོང་ཚུལ་ལ་ཞེ་ལྔ། གསང་འདུས་འཇམ་རྡོར་བདག་བསྐྱེད་ལ་སུམ་ཅུ། འཇམ་རྡོར་བུམ་སྒྲུབ་དབང་ཆོག་བཅས་ལ་སོ་གསུམ། འཇམ་རྡོར་ཞི་རྒྱས་སྦྱིན་བསྲེག་ལ་བཅོ་ལྔ། འཇམ་རྡོར་བསྐྱེད་རིམ་ལ་ང་བདུན། འཇམ་རྡོར་རྫོགས་རིམ་ལ་སོ་གསུམ། གསང་འདུས་བསྐྱེད་རིམ་ལ་སོ་ལྔ། གསང་འདུས་རྫོགས་རིམ་ལ་ཉི་ཤུ། འཇིགས་བྱེད་བསྐྱེད་རིམ་ལ་བཅུ་གསུམ། འཇིགས་བྱེད་རྫོགས་རིམ་ལ་བརྒྱད། བདེ་མཆོག་ལཱུ་ཧི་པའི་བསྐྱེད་རིམ་ལ་དོན་བདུན། ལཱུ་ཧི་པའི་རྫོགས་རིམ་ལ་གོ་གཅིག །བདེ་མཆོག་བསྙེན་ཡིག་ལ་བཞི། འཇམ་ལུགས་ལྷ་ལྔའི་ཚེ་དབང་ཟུར་འདེབས་ལ་བཅུ། རྡོར་སེམས་རིལ་སྒྲུབ་དང་བུམ་སྒྲུབ་བྱ་ཚུལ་ལ་ལྔ། མ་ཎི་བུམ་སྒྲུབ་བྱ་ཚུལ། སྒྲོལ་མ་མཎྜལ་བཞི་སོགས་ཉེར་མཁོའི་རིགས་ལ་བཅུ་གསུམ། པོད་གསུམ་པར། རྗེ་ཙོང་ཁ་པའི་བླ་མའི་རྣལ་འབྱོར་རིགས་གསུམ་སྤྱི་སྒྲུབ་ལ་བཅུ་གསུམ། རྗེ་དོན་ཡོད་མཁས་གྲུབ་པའི་རྣམ་ཐར་ལ་ལྔ་བཅུ་ང་གཅིག །བྱང་ཆུབ་ལམ་རིམ་ཉམས་སུ་ལེན་ཚུལ་ལ་ཉེར་གཅིག །སྙིང་པོ་དོན་གསུམ་ཉུང་ངུ་ལ་བདུན། རྒྱལ་བ་མ་ཕམ་པའི་གསོལ་འདེབས་ལ་ལྔ། གསོལ་འདེབས་བསྟོད་ཚོགས་ཀྱི་རིམ་པ་ལ་ཞེ་གསུམ། འདོད་གསོལ་སྨོན་ལམ་གྱི་རིམ་པ་ལ་ཉི་ཤུ། ཞབས་བརྟན་དང་སྤྲུལ་སྐུ་མྱུར་བྱོན་གསོལ་འདེབས་བཅས་ལ་ཉེར་བདུན། སྐུ་གསུང་ཐུགས་རྟེན་དཀར་ཆག་དང༌། སྨོན་ཚིག་གི་རིམ་པ་ལ་བརྒྱ་དང་བཅུ་གཅིག་ཐང་སྐུའི་རྒྱབ་ཡིག། མཚོད་རྫས་གསར་བསྐྲུན་གྱི་གསོལ་འདེབས་བཅས་ལ་བཞི་བཅུ་ཞེ་གཅིག །ལམ་རིམ་འཇམ་དཔལ་ཞལ་ལུང་གི་སྟོད་སྨད་ལ་དོགས་བྱུང་སྐོར་ལ་དགུ། གྲྭ་ས་ཆེན་པོ་བཞི་རྒྱུད་པ་སྟོད་སྨད་ཀྱི་དཀར་ཆག་པད་དཀར་ཕྲེང་བ་ལ་དྲུག་ཅུ་རེ་གཉིས། གཏོར་འབུལ་རིམ་པ་ལ་ཉེར་གསུམ། དགོན་སྡེའི་བཅའ་ཡིག་གི་རིམ་པ་ལ་ཉེར་གཉིས། པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་དོགས་གཅོད་གསུང་ལན་ལ་ཉི་ཤུ། བསྔོ་བ་དོན་གཉིས་ཕུན་ཚོགས་ལ་བརྒྱད། རྗེ་བྱམས་པའི་མཚན་ཅན་གྱི་གསུང་འབུམ་གླེགས་བམ་གསུམ་རྫོགས་སོ། །