4523

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕུལ་ཉམས
Tibetan Definition (འདུལ་བ) སྡོམ་པ་གཏོང་བའི་རྒྱུ་ཞིག 1 སྡོམ་པ་ཕུལ་བ་དང་ཉམས་པའི་ཁྱད་པར་ནི། ལུས་ངག་གི་རིག་བྱེད་ཀྱིས་སྡོམ་པ་དངོས་སུ་གཏོང་བ་གོ་བར་བྱེད་པ་ནི་ཕུལ་བ་ཡིན་ལ། བརྒྱུད་ནས་གོ་བར་བྱེད་པ་ནི་ཉམས་པའོ། །ཞེས་རྣམ་འབྱེད་འགྲེལ་པ་ལས་བཤད་ཅེས་གསུངས། 2 ཡང་ལུས་ལ་བསྲུང་བའི་ནུས་པ་ཡོད་ཀྱང་བསམ་པས་བསྲུང་མི་འདོད་ནས་བཏང་བ་ནི་ཕུལ་བ་ཡིན་ལ། དེ་ལས་ལྡོག་པ་ནི་ཉམས་པའོ། །