4548

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕོ་རྩལ་སྣ་དགུ
Tibetan Definition ལུས་རྩལ་གསུམ། ངག་རྩལ་གསུམ། ཡིད་ཀྱི་རྩལ་གསུམ་དང་དགུའོ། །དང་པོ་ལུས་རྩལ་གསུམ་ནི། མཐེབ་ཀྱིས་ཤ་ནོན་པ། རྐྱལ་གྱིས་ཆུ་ཆེན་ཆོད་པ། ཡང་རྩལ་བྱ་ལྟ་བུ་སྟེ་གསུམ་མོ། །ངག་རྩལ་གསུམ་ནི། ལོ་རྒྱུས་ཀྱི་དགེ་འཐོན་པ། གཏམ་གྱིས་བཞད་གད་འཐོན་པ། གཤགས་ཀྱིས་ཕ་རོལ་གནོན་པ་སྟེ་གསུམ་མོ། །ཡིད་རྩལ་གསུམ་ནི། མཛངས་ལ་བློ་འགྱུ་བ། དཔའ་ལ་སྲན་ཚུགས་པ། ཁ་གསལ་ཞིང་གཏིང་མི་རྟོགས་པ་སྟེ་གསུམ་མོ། །འདི་དག་བཟོ་རིག་པར་གཏོགས་པར་ལྕང་སྐྱ་རོལ་པའི་རྡོ་རྗེ་གསུང་ངོ༌། །