4551

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕོ་ལོང༌
Tibetan Definition <ཀནྡུཿ> (འདུལ་བ) སྐུད་པའི་ཚོགས་ཟླུམ་པོར་བྱས་པའམ། བྱ་སྤུ་སོགས་ལ་སྐུད་པ་དཀྲིས་པའི་བྱ་སྒོང་ལྟ་བུ་རིལ་པོ་བྱིས་པ་རྣམས་ས་ལ་བརྡབས་ཏེ་རྩེ་བ་དེ་ཡིན། དེ་ལ་དྲུ་གུ་ཡང་ཟེར། དེ་སང་པོ་ལོ་ཟེར་བ་དེ་ཡང་། ཕོ་ལོང་ཉིད་ཟུར་ཆག་པ་ཡིན། དེང་སང་དབྱིན་ཇིའི་སྐད་དུ་ཡོད་པའི་པོ་ལོ་ Polo ཞེས་པའི་ཐ་སྙད་འདི་ཡང་བོད་སྐད་ནས་བྱུང་བར་བཤད་པ་ཡང་བདེན་པར་སྣང་ངོ་། །རྩེད་མོ་འདིའི་ཐོག་མའི་འབྱུང་ཁུངས་ནི་ Afghanisthan ཨཕ་གྷ་ནིསྠན་ཡིན་ལ། དེ་ཡང་ཁོང་ཅག་གིས་རྟ་ཐོག་ནས་ས་ལ་ཡོད་པའི་ལུག་ཁོག་ཧྲིལ་པོ་དེ་ཉིད་འཕྲོག་རེས་བྱེད་པའི་རྟ་རྒྱུག་ཀྱི་རྩེད་མོ་ཤིན་ཏུ་གཏུམ་དྲག་ཆེ་བ་དེ་ཡིན་ལ། དེ་ཉིད་བོད་བཙན་པོའི་སྐབས་སུ་བོད་དུ་དར་ནས། དེ་ནས་རིམ་གྱིས་རྒྱ་ནག་ཏུ་དར། དེ་ནས་ཕྱིས་སུ་དབྱིན་ཡུལ་དུ་དར་བར་སེམས་སོ། །འོན་ཀྱང་བོད་དུ་ལུག་ཁོག་གི་ཚབ་ཏུ་པོ་ལོ་སྟེ་ཕོ་ལོང་བྱས་སོ། །ཕོ་ལོང་ཞེས་པའི་ཚིག་འདི་ལུང་རྣམ་འབྱེད་རྩ་འགྲེལ་སོགས་སུ་སྣང་སྟེ། རྣམ་འབྱེད་འགྲེལ་༼ ཚུ་པ ༽༡༣༤བ༤ལས། ཕོ་ལོང་ཐ་གུས་གདགས་པ་འཕང་བའོ། །ཞེས་པ་ལྟ་བུ།