4560

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕྱ་ལེ་བ
Tibetan Definition ངོས་མཉམ་པ། མཉམ་པ། ཕྱ་ལེ་བ་ནི་མཉམ་པའི་དོན་ཡིན་ཏེ། ཕུང་པོ་ལྔའི་རབ་བྱེད་ལས། ཟླུམ་པོ་དང་། ལྷམ་པ་དང་། མཐོ་བ་དང་། དམའ་བ་དང་། མཉམ་པ་དང་། མི་མཉམ་པ་དང་། ཞེས་ཕྱ་ལེ་བ་དང་། ཕྱ་ལེ་བ་མ་ཡིན་པ་ཞེས་པའི་ཚབ་ཏུ། མཉམ་པ་དང་། མི་མཉམ་པ་དང་། ཞེས་ཐ་སྙད་བྱས་སོ། །ཕྱལ་ལེ་བ་ཞེས་ལའི་མཐའ་རྟེན་ཡོད་པའང་བྲིས་སྣང་སྟེ། མངོན་པ་ཀུན་བཏུས་༣བ༢ལས། ཕྱལ་ལེ་བ་དང་། ཕྱལ་ལེ་བ་མ་ཡིན་པ་དང་། ཞེས་གསུངས་སོ། །འདི་སྡེ་དགེ་བསྟན་འགྱུར་སེམས་ཙམ་གླེགས་བམ་༼ རི་པ ༽༤༦བ་༢ན་སྣང་ངོ་། །ཕྱ་ལེ་བ་ལས། ཕྱལ་ལེ་བ་ཞེས་པ་འདི་ཅུང་ཟད་གོ་རྒྱུ་ཆེ་བར་སྣང་སྟེ། ཕྱལ་ནི་ལྟོ་བའམ་ལྟེ་བ་དཀྱིལ་བཅས་ལ་འཇུག་པར་སེམས་ལ། ལེ་བ་ནི། ལེབ་པ་ཞེས་པའི་དོན་ཏེ། མདོར་ན་ཕྱལ་ཏེ་དཀྱིལ་ནས་འབུར་འབུར་མེད་པར་ཐང་ལྟར་ལེབ་མོ་ཡིན་པས་ན་ཕྱལ་ལེ་བ་སྟེ་མཉམ་པ་ཞེས་པའི་དོན་ནོ། །