4569

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕྱག་ཆེན་དང་དབུ་མའི་ལྟ་བའི་ཁྱད་པར
Tibetan Definition མཻ་ཏྲི་པ་ནས་བརྒྱུད་པའི་ཕྱག་ཆེན་གྱི་མིང་ཅན་གྱི་དབུ་མའི་བཀའ་དང༌། ཇོ་བོ་ནས་བརྒྱུད་པའི་དབུ་མའི་བཀའ་འདི་གཉིས་ཀྱི་ཆོས་ཚུལ་གཅིག་གམ་ཐ་དད་ཅེ་ན། དོན་ལ་མི་གཅིག་པ་མེད་ཀྱང་དབུ་མའི་ལུགས་འདིར་ནི་རྟོག་དཔྱོད་ཀྱི་སྒོ་ནས་གཏན་ལ་ཕབ་སྟེ་མེ་དགག་གི་ཆ་ལ་གསལ་སྣང་ཅུང་ཟད་ཐོབ་པའི་ཤེས་རབ་ཀྱིས་མཉམ་པར་འཇོག་ལ། ཕྱག་ཆེན་གྱི་ལུགས་དེར་ནི་བུད་ཤིང་ཟད་པ་ན་མེ་ཞི་བ་ལྟར་རྟོག་དཔྱོད་ཀྱི་ཤེས་རབ་ཉིད་ཀྱང་གཞི་མེད་རྩ་བྲལ་གྱི་སྒོ་ནས་གཏན་ལ་ཕབ་སྟེ། དགག་སྒྲུབ་གང་གིའང་དོན་ཅན་མ་ཡིན་པ་ཞིག་ལ་མཉམ་པར་འཇོག་པ་ནི་ཁྱད་པར་ཡིན་ནོ། །ཞེས་ཀརྨ་པ་དབང་ཕྱུག་རྡོ་རྗེའི་འཇུག་ཊཱིཀ་དྭགས་བརྒྱུད་གྲུབ་པའི་ཤིང་རྟར་གསལ།