4576

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕྱག་ན་རྡོ་རྗེ
Tibetan Definition གསང་བའི་བདག་པོའམ། གསང་བདག་དང་དོན་གཅིག དེའི་སྐུ་མདོག་སོགས་ཀྱི་ཁྱད་པར་ནི། སྐུ་མདོག་མཐིང་ག་ཞལ་གཅིག་ཕྱག་གཉིས་ཀྱི། །གཡས་པས་གསེར་གྱི་རྡོ་རྗེ་རྩེ་ལྔ་འཕྱར། །གཡོན་པས་ཐུགས་ཀར་སྡིགས་མཛུབ་འབར་བ་བསྒྲེང༌། །སྤྱན་གསུམ་བགྲད་ཅིང་མཆེ་བ་རྣོན་པོ་གཙིགས། །སྨིན་མ་སྨ་ར་དབུ་སྐྲ་མེ་ལྟར་འབར། །སྣ་ཚོགས་རིན་ཆེན་རྒྱན་དང་སྦྲུལ་གྱིས་བརྒྱན། །སྟག་ཤམ་གསོལ་ཞིང་གཡས་བསྐུམ་གཡོན་བརྐྱང་གིས། །པད་ཉིར་བཞུགས་པའི་ཕྱག་ན་རྡོ་རྗེར་འདུད། །སྔགས། ཨོཾ་བཛྲ་པཱ་ནི་ཧཱུྃ་ཕཊ། ཞེས་པ་ལྟར་རོ། །