From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཕྱག་པ
|
Tibetan Definition
|
(བྱེད་འབྲེལ) 1 བྱི་དོར་བྱེད་པ། གད་དར་བྱེད་པ། ཕྱག་པ། ཕྱགས། འཕྱག་པ། འཕྱོགས། འདུལ་བ་ལུང་ཕྲན་ཚེགས་༼ ཐ་པ ༽༡༧༥ན༧ལས། བཅོམ་ལྡན་འདས་ཀྱིས་ཕྱག་དར་འཕྱག་པ་ལ་ཕན་ཡོན་ལྔ་ཡོད་དེ། ཞེས་དང་། དགེ་འདུན་ཐམས་ཅད་ཀྱིས་ཕྱག་པར་བྱའོ། །ཞེས་དང་། ཕྱགས་ཏེ་ཕྱག་དར་བོར་ནས། ཞེས་སོགས་གསུངས་སོ། །བོད་རྒྱ་ཚིག་མཛོད་ཆེན་མོར། འཕྱག་པ། འཕྱགས་པ། འཕྱག་པ། འཕྱོགས། ཞེས་གསལ། 2 ཆག་པ་དང་དོན་འདྲ། ཕོན་པོ། ཆུན་པོ། བམ་པོ། དུམ་བུ། སྤོས་ཕྱག་ཟེར་བ་ལྟ་བུ། བསྟན་དར་ལྷ་རམས་པ་སོགས་ཀྱི་གསུང་ལ་གཞི་བྱས།
|