4594

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕྱག་རྒྱ་དྲུག
Tibetan Definition 1 (བདེ་མཆོག) ཕྱག་རྒྱ་དྲུག་གིས་བརྒྱན་པ་ཞེས་པའི་ཕྱག་རྒྱ་དྲུག་ནི། མགུལ་རྒྱན། གདུ་བུ། རྣ་ཆ། སྤྱི་གཙུག་གི་ནོར་བུ། མཆོད་ཕྱིར་ཐོགས། ཐལ་བ་ཆེན་པོ་དང་དྲུག་གོ། འདི་དྲུག་ལ་ཕྱག་རྒྱ་དྲུག་དང༌། རྒྱན་དྲུག་དང༌། རུས་པའི་རྒྱན་དྲུག་གི་ཐ་སྙད་བྱེད་ཀྱང༌། དང་པོ་གསུམ་མ་གཏོགས་ཕྱི་མ་གསུམ་རུས་རྒྱན་ཡིན་མིན་དཔྱད་དགོས་ཏེ། རྗེའི་འདོད་འཇོ་ལས། དེ་ (ནོར་བུ) དང་ཐ་མ་གཉིས་མ་གཏོགས་པའི་ལྷག་མའི་རྒྱན་གསུམ་མི་རུས་ལས་བྱས་པ་གཞན་དང་མཐུན་པར་བྱ། འཁྲུལ་སྤོང་ལྟར་རྐེད་རྒྱན་ཀྱང་བྱའོ། །མཆོད་ཕྱིར་ཐོགས་ནི་མི་རུས་ལས་བྱས་པར་འཁྲུལ་སྤོང་ལས་དང༌། ཁྱད་པར་གསལ་བྱེད་ལས་བཤད་ལ། ཞེས་གསུངས་སོ། །ཐལ་བ་ཆེན་པོ་ནི་མི་རུས་ཀྱི་ཐལ་བ་ལ་ཟེར། འདི་ལུས་ཐམས་ཅད་ལ་བྱུགས་པ་སྟེ། དེས་ནི་ལུས་ཐམས་ཅད་ལ་བྱང་ཆུབ་ཀྱི་སེམས་ཀྱིས་ཁྱབ་པ་མཚོན་ནོ། །སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་རྣམ་པར་དག་པའི་ཕྱིར། སྐུ་ལ་ཕྱག་རྒྱ་དྲུག་གིས་རྒྱས་བཏབ་པའོ། །མངོན་བརྗོད་ཀྱི་ལྔ་པ་ལས། སྤྱི་གཙུག་གི་ནོར་བུ་མ་བགྲངས་པར། མགོ་ཕྲེང་བགྲངས་ཤིང་གཞན་སྔར་དང་འདྲའོ། །བླ་མ་ཁ་ཅིག་མགོ་ཕྲེང་གཅིག་ཏུ་བགྲངས་པ་འགྱུར་མ་དག་པའམ། དཔེ་མ་དག་པར་འཆད་མོད་ཀྱང༌། མངོན་བརྗོད་ཀྱི་འགྱུར་ཕལ་ཆེ་བ་ལས་དེ་བཞིན་དུ་འབྱུང་བས་དཔྱད་དོ། །ཞེས་རྗེའི་འདོད་འཇོ་ལས་གསུངས་པ་ལྟར་བཀོད། ཕྱག་རྒྱ་དྲུག་གིས་ཕར་ཕྱིན་དྲུག་མཚོན་པར་གསུངས་ཏེ། མགུལ་རྒྱན་གྱིས་སྦྱིན་པའི་ཕར་ཕྱིན། གདུ་བུས་ཚུལ་ཁྲིམས། རྣ་ཆས་བཟོད་པ། དབུ་རྒྱན་གྱིས་བརྩོན་འགྲུས། མཆོད་ཕྱིར་ཐོགས་ཀྱིས་བསམ་གཏན། ཐལ་ཆེན་གྱིས་ཤེས་རབ་ཀྱི་ཕར་ཕྱིན་མཚོན་པར་བཅས་སོ། །མདོར་ན་ཕྱིན་དྲུག་གི་ལམ་རྫོགས་པར་མཛད་པ་ནི་ཕྱག་རྒྱ་དྲུག་གིས་མཚོན་ནོ། །ཞེས་རྗེའི་འདོད་འཇོ་ལས་གསུངས་པ་ལྟར་རོ། ། (ཀྱེ་རྡོར) ཀྱེ་རྡོར་དང་འཁྲུལ་སྤོང་ལས། མགུལ་རྒྱན་དང༌། གདུ་བུ། རྣ་ཆ། (སྤྱི་གཙུག་གི་ནོར་བུ་ཚབ་ཏུ) (སྤྱི་བོའི) འཁོར་ལོ། (མཆོད་ཕྱིར་ཐོགས་ཀྱི་ཚབ་ཏུ) རྐེད་རྒྱན། ཐལ་བ་ཆེན་པོ་དང་དྲུག་གསུངས་སོ། །