4598

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕྱག་རྒྱ་རིགས་བཞི
Tibetan Definition པདྨ་ཅན་མ། དུང་ཅན་མ། གླང་པོ་ཅན་མ། རི་དྭགས་ཅན་མ། དེ་རེ་རེ་ལའང་ལྷན་སྐྱེས་ཞིང་སྐྱེས་སྔགས་སྐྱེས་གསུམ་གསུམ་ཡོད་པས། ལྷན་སྐྱེས་ནི་སྒྱུ་ལུས་རང་དོན་གྱི་འོད་གསལ་ཐོབ་པ་ལ་བྱེད། ཞིང་སྐྱེས་ནི་ལུས་དབེན་ངག་དབེན་སེམས་དབེན་དཔེ་ཡི་འོད་གསལ་ཐོབ་པ་ལ་བྱེད། སྔགས་སྐྱེས་ནི་བསྐྱེད་རིམ་མཐར་ཕྱིན་པའི་རྣལ་འབྱོར་མའོ། །མི་བསྐྱོད་པའི་རིགས་ལ་རྨེ་ཤ་ཅན། རྣམ་སྣང་བཙོ་བླག་མཁན། རིན་འབྱུང་འཕྲེང་བརྒྱུད་མཁན། འོད་དཔག་མེད་གར་མཁན། དོན་གྲུབ་བཟོ་བྱེད་མཁན་གྱི་རིགས་དགོས་པར་བཤད། པདྨ་ཅན་ལ་སོགས་པ་ཕྱག་རྒྱ་མ་བཞིའི་ཁྱད་པར་ནི། དྷཱུ་ཏཱིའི་མར་སྣའི་རྩ་དབྱིབས་མི་འདྲ་བ་བཞིའི་སྒོ་ནས་བཞག་པ་ཡིན་ཞིང༌། བུད་མེད་ཀྱི་དྷཱུ་ཏཱིའི་མར་སྣ་ཞེས་པ། བྱ་ལེའི་རྩེ་མོ་ལ་ཟེར་བས། མདོར་ན་བྱ་ལེའི་རྩེ་མོའི་དབྱིབས་མི་འདྲ་བ་བཞིའི་སྒོ་ནས་ཁྱད་པར་བཞག་པ་ཡིན་ནོ། །དེས་ན་གླང་པོ་ཅན་མའི་མར་སྣ་ནི། རྩ་སྣ་གཡོན་ནས་གཡས་སུ་ཅུང་ཟད་འཁྱིལ་བའི་རྣམ་པར་ཡོད་ལ། དེའི་རྟགས་རྩ་དེའི་ཡས་སྣ་ཡོད་སའི་ཕྱོགས་ཀྱི་བུད་མེད་དེའི་སྣ་གཡོན་ནས་གཡས་སུ་འཁྱིལ་བའི་རྣམ་པ་ཅན་ལ་སོགས་པ་ལས། ཕྱག་རྒྱ་དེ་ཡང་གླང་པོ་ཅན་མའི་རིགས་སུ་གཏོགས་པ་ཡིན་ནོ། །དུང་ཅན་མ་ནི་རྩ་དེའི་མར་སྣ་དུང་དཀར་གྱི་ཁ་ལྟར་འཁྱིལ་ཞིང༌། གུག་ལ་རིང་བ་ཞིག་ཡོད་པས་དེའི་རྟགས་ལ། རྩའི་མར་སྣ་ཡོད་སའི་ཕྱོགས་ཀྱི་སྐྲ་དང་སྣ་ཡང་རིང་བ་ལ་སོགས་པ་དུང་ཅན་མའི་རིགས་སུ་ཤེས་པར་བྱའོ། །རིགས་དྭགས་ཅན་མ་ནི། རྩ་དེའི་མར་སྣ་རི་དྭགས་གླ་བའི་ལྟེ་བ་དྲ་བ་ཁ་བཙུམ་ཞིང་འགོར་པོའི་རྣམ་པ་ཅན་དུ་ཡོད་པས། རྩ་དེའི་ཁ་ཤིན་ཏུ་ཚོལ་དཀའ་བས། དེ་ནི་རྣལ་འབྱོར་པས་སེ་མོས་བཙལ་དགོས་པ་སོགས་གསུངས་སོ། །མར་སྣ་དེའི་རྟགས་ལ་ཡར་སྣའི་ཕྱོགས་ཀྱི་སྣ་ལ་རི་མོ་ཡོད་ལ་དེར་མ་ཟད་ལུས་གཞན་ལས་སྦོམ་པ་སོགས་ཡིན་ནོ། །པདྨ་ཅན་ནི། མར་སྣ་མེ་ཏོག་པདྨའི་དབྱིབས་ལྟ་བུར་ཡོད་པས་རྩ་དེ་ཁ་བཙལ་སླ་ཞིང༌། འབྱེད་པར་སླ་བས་ཕྱག་རྒྱའི་མཆོག་ཏུ་གསུངས་པ་ཡིན་ནོ། །དེ་ལྟར་ཕྱག་རྒྱ་བཞིའི་རྩ་ལ་མི་འདྲ་བའི་ཁྱད་པར་དེ་ལྟར་ཡོད་པའི་སྒོ་ནས་པདྨ་ཅན་སོགས་བཞག་པའི་དོན་དེ་ཉིད། རང་གི་བླ་མ་ཁོ་ནའི་མན་ངག་ཡིན་པས། རང་ཁོ་ནའི་སྙིང་ལ་བཅང་རྒྱུ་ཡིན་གསུངས། དེའི་རྒྱུ་མཚན་ཆགས་ལམ་ལ་ཤིན་ཏུ་མཁས་པར་གྲགས་པའི་བླ་མ་ཐམས་ཅད་ཀྱིས་རྒྱུད་ནས་གསུངས་པའི་ཕྱག་རྒྱ་རིགས་བཞིའི་ཁྱད་པར་སྣ་གཡོན་ནས་གཡས་སུ་འཁྱིལ་བ་དང༌། ཞེས་སོགས་རྣམས་རྩའི་དབྱིབས་ལ་བརྟགས་པའི་དོན་ལ་བློ་ཁ་ཙམ་ཡང་མ་ཕྱོགས་ཤིང༌། རྩ་ལ་མི་འདྲ་བ་བཞི་ཡོད་པའི་གནད་མ་རྟོགས་པ་ཤ་སྟག་ཡིན་པས། ཕྱོགས་འདི་ལ་ཁ་པོ་ཇི་ལྟར་ཆེ་ཡང་མཁས་པའི་བཞད་གད་ཀྱི་གནས་འབའ་ཞིག་ཡིན་གསུང་ངོ༌། །ཞེས་རྗེའི་གསུང་ན་གསལ།