From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཕྱག་རྡོར་ཨུ་ཙརྱ
|
Tibetan Definition
|
དེའི་སྐུ་མདོག་སོགས་ཀྱི་ཁྱད་པར་ནི། སྐུ་མདོག་མཐིང་ག་ཞལ་གཅིག་ཕྱག་གཉིས་ཀྱི། །གཡས་པས་གནམ་ལྕགས་རྡོ་རྗེ་རྩེ་དགུ་འཕྱར། །གཡོན་པས་ཐུགས་ཀར་སྡིགས་མཛུབ་བསྒྲེང་བ་ཡི། །རྩེ་མོར་མེ་འབར་ཐོད་པ་སྐམ་རློན་དང༌། །སྦྲུལ་གྱིས་བརྒྱན་ཅིང་གླང་ལྤགས་སྟོད་གཡོགས་དང༌། །སྟག་ཤམ་གསོལ་ཞིང་གཡས་བསྐུམ་གཡོན་བརྐྱང་གིས། །པད་ཉིར་འཇིགས་བྱེད་དུས་མཚན་གདན་ལ་བཞུགས། །ཕྱག་རྡོར་ཨུ་ཙརྱ་ལ་ཕྱག་འཚལ་ལོ། །སྔགས། ཨུ་ཙརྱ་ཡཀྵ་སེནྣཾ་ཀུ་ཤ་ཛཿཛཿཞེས་པ་ལྟར་རོ། །
|