4614

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕྱད་ཀྱིས་འགྲོ་བ
Tibetan Definition གྲ་སྒྲིག་བྱ་རྒྱུ་མ་བྱུང་བར་གློ་བུར་དུ་འགྲོ་བའི་དོན་ཡིན་པར་སེམས། དབྱངས་ཅན་དགའ་བློའི་ལམ་རིམ་བརྡ་བཀྲོལ་ལས། ཤར་སེ་འགྲོ་བའམ་ཆམ་གྱིས་འགྲོ་བ་ཞེས་པ་ལྟར། གཤོལ་ཐབས་ཅུང་ཟད་ཀྱང་མེད་པར་འགྲོ་བའི་ཉམས་ཀྱི་མིང་ངོ་། །ཞེས་གསུངས། རྗེའི་ལམ་རིམ་ཆེན་མོ་ལས། པོ་ཏོ་བའི་ཞལ་ནས། ངེད་ཀྱི་སྣང་སེལ་མི་རྟག་པ་བསྒོམ་པ་འདི་རང་ཡིན་ཏེ། ཉེ་འབྲེལ་དང་ཡོ་བྱད་ལ་སོགས་པ་ཚེ་འདིའི་སྣང་བ་ཀུན་བསལ་ནས་རང་གཅིག་པུ་གཉིས་སུ་མེད་པར་ཚེ་ཕ་རོལ་ཏུ་ཕྱད་ཀྱིས་འགྲོ་བར་ཤེས་ནས་ཆོས་མིན་པ་ཅིས་ཀྱང་བྱར་མེད་སྙམ་ནས་ཚེ་འདི་ལ་མ་ཆགས་པ་ཞིག་གདོད་འོང༌། འདི་བློ་ལ་མ་སྐྱེས་ཀྱི་བར་དུ་ཆོས་ཐམས་ཅད་ཀྱི་ལམ་འགགས་ནས་འདུག་པ་ཡིན་གསུང༌། ཞེས་གསུངས་པ་ལྟར་རོ། །