From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཕྱར་གཡེང༌
|
Tibetan Definition
|
ཟུར་གྱིས་འཕྱ་བ་ལ་སོགས་པ་རྩེད་མོ་རྣམ་གཡེང་གི་མིང༌། འཕྱར་གཡེང་དང་དོན་གཅིག ཤཱཀྱ་མཆོག་ལྡན་གྱི་སྒྲའི་གནས་བྱེ་བྲག་ཏུ་རྟོགས་བྱེད་ལས། འཆར་གཡེང་ཞེས་ཀྱང་སྣང་ངོ་། །སྒྲ་བཤད་ནི། ཕྱར་ནི་ཕྱར་ཀ་གཏོང་བ། གཡེང་ནི་རྣམ་གཡེང་ངམ་རྩེད་མོའོ། །ཕྱར་ཀ་གཏོང་བ་ནི། འདུལ་བ་ལུང་གཞིའི་འགྲེལ་པ་ལས། ཕྱར་ཀ་གཏོང་བར་བྱེད་ཅེས་པ་ནི་གཞོགས་ཀྱིས་སྙད་འདོགས་པར་བྱེད་པའོ།། ཞེས་གསུངས་པ་ལྟར་རོ། །འདུལ་བ་ལུང་གཞིའི་འགྲེལ་པ་ལས། འཕྱར་གཡེང་ཞེས་བྱ་བ་ནི་ཤིན་ཏུ་བརྟད་པར་འཇུག་ཅིང་འཁྱུད་པ་དང་འོ་བྱེད་པ་ལ་སོགས་པའི་རྟལ་བག་བྱེད་པའོ། །འཕྱར་གཡེང་དང༌། ཕྱར་གཡེང་གཉིས་ཀ་འཐད་པར་སེམས།
|