463

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁམས་དང་མོས་པའི་ཁྱད་པར
Tibetan Definition བསམ་པའམ། བསམ་བློ། ཞིབ་ཏུ་བཤད་ན། ཁམས་དང་མོས་པ་ཞེས་པའི་ཁམས་ནི་སྔོན་གྱི་བག་ཆགས་ཀྱི་སྟོབས་ཀྱིས་གྲུབ་པའི་བསམ་པའི་ཁྱད་པར་ཞིག་ལ་ཟེར། བྱེ་བྲག་རྟོགས་བྱེད་ཆེན་པོ་༡༣༥བ༦ལས། ཁམས་ཞེས་བྱ་བ་ནི་སྔོན་གྱི་བག་ཆགས་ཀྱིས་གྲུབ་པའི་བསམ་པའི་ཁམས་དང་། ཞེས་གསུངས་པ་ལྟར་རོ། །མོས་པ་ནི། དགའ་བའམ། འདུན་པའམ་འདོད་པའི་མིང་ངོ་། །ཡང་མོས་པ་ནི་རང་བཞིན་ལ་བཤད་པའང་ཡོད་དོ། །ཁམས་དང་མོས་པ་སྣ་ཚོགས་ནི། བསམ་པ་དང་རང་བཞིན་སྣ་ཚོགས་ལ། སློབ་དཔོན་ཚུལ་ཁྲིམས་བསྐྱངས་གསུང་ངོ་། །དོགས་གཅོད། ཡང་། འདུལ་བ་ལུང་གཞི་༼ ག་པ ༽ལས། དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་ལུག་གི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་། རང་བཞིན་མཁྱེན་ནས་འཕགས་པའི་བདེན་པ་བཞི་སོ་སོར་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་བཤད་པར་མཛད་དེ། ཞེས་བསམ་པ་དང་ཁམས་གཉིས་ཐ་དད་དུ་གསུངས་པས། ད་དུང་ཡང་དཔྱད་དོ། །