From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཕྱི་ནང་གི་མངོན་བྱང
|
Tibetan Definition
|
རིམ་པ་བཞི་པ་དོན་གྱི་འོད་གསལ་གྱི་མིང་གི་རྣམ་གྲངས་ཤིག ཕྱི་ནང་གི་མངོན་བྱང་ཞེས་ཐ་དད་པ་གཉིས་འཇོག་རྒྱུ་མེད། རིམ་པ་བཞི་པའི་དོན་གྱི་འོད་གསལ་དེ་ཉིད་ཕྱིའི་ཟླ་ཉི་སྲོད་ཀྱི་སྨག་གསུམ་འདས་པའི་ཐོ་རངས་ཀྱི་དུས་སུ་མངོན་དུ་བྱས་པའི་ལྡོག་ཆ་ནས་ཕྱིའི་མངོན་བྱང་དང་། ནང་གི་སྣང་མཆེད་ཐོབ་གསུམ་ཐིམ་པའི་འོད་གསལ་ཐམས་ཅད་སྟོང་པ་ཡིན་པའི་ལྡོག་ཆ་ནས་ནང་གི་མངོན་བྱང་དུ་བཤད་དོ། །རྗེའི་སྔགས་རིམ་ཆེན་མོ་ལས། ཕྱག་རྒྱ་ཆེན་པོ་ནི་ཟུང་འཇུག་གོ། འདི་འོད་གསལ་མངོན་སུམ་དུ་རྟོགས་པར་བྱེད་པ་ལ་གསུངས་པས། ཕྱི་ནང་གི་བྱང་ཆུབ་པ་གཉིས་ནི་དོན་གྱི་འོད་གསལ་ལ་བྱའོ། །ཞེས་གསུངས་སོ། །
|