4640

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕྱི་ཕྱིར
Tibetan Definition ཡང་ཡང༌། ཡང་དང་ཡང་དུ། ལྷག་པར། སླར་ཡང༌། ལུང་ཕྲན་ཚེགས་ཀྱི་འགྲེལ་པ་ལས། ཕྱི་ཕྱིར་ཞེས་བྱ་བ་ནི་ཡང་དང་ཡང་དུའོ། །ཞེས་གསུངས། སྒྲ་བཤད་ནི། ཕྱི་ནི་ཡང་དང་། ཕྱིར་ཞེས་པའང་ཡང་གི་དོན་ཡིན་པས། ཡང་ཡང་ཞེས་པའི་དོན་ནོ། །ཕྱིར་ཕྱིར་ཞེས་སྨྲས་ཀྱང་དོན་ལ་སྐྱོན་མེད་དོ། །ཕྱིར་ཞིང་དང་དོན་འདྲ། རྗེའི་རྟེན་འབྲེལ་བསྟོད་པ་ལས། ཁྱོད་ཀྱི་བསྟན་ལས་ཕྱིར་ཕྱོགས་པས། །ཡུན་རིང་ངལ་བ་བསྟེན་བྱས་ཀྱང༌། །ཕྱི་ཕྱིར་སྐྱོན་རྣམས་བོས་པ་བཞིན། །བདག་ཏུ་ལྟ་བ་བརྟན་ཕྱིར་རོ། །ཞེས་གསུངས་པ་ལྟར་རོ། །དམ་ཆོས་པདྨ་དཀར་པོའི་མདོ་ལས། སྲིད་པས་བརྒྱལ་ཞིང་གཏི་མུག་མྱོས་པ་རྣམས། །དེ་དག་འདོད་རྒྱུས་ངན་འགྲོར་རབ་ཏུ་ལྟུང༌།། འགྲོ་བ་དྲུག་ཏུ་ཀུན་ཏུ་ཉོན་མོངས་ཏེ། །དུར་ཁྲོད་དེ་དག་ཕྱི་ཕྱིར་འཕེལ་བར་བྱེད།། ཅེས་གསུངས་པ་ལྟར་རོ། །