4660

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕྱི་ལྟར་དུ
Tibetan Definition ཕྱི་ལྟར་ན། ཕྱི་ཚུལ་ལ། ཕྱིའི་རྣམ་པ་ལ། ཕྱིའི་མཐོང་ཚུལ་ལ། ཕྱིའི་སྣང་ཚུལ་ལ་ཞེས་པའི་དོན། ཕྱི་ལྟར་ “དུ” ། ཕྱི་ལྟར་ “ན” ། ཕྱི་ལྟར་ “ལ” ཞེས་པ་གསུམ་ག་དོན་གཅིག་ཅིང་། ཚིག་ཟུར་གྱི་ “དུ” “ན” “ལ” གསུམ་ཡང་ལ་དོན་དུ་འདྲའོ། །དཔེར་ན། ཕྱི་ལྟར་དུ་ (ཕྱི་ལྟར་ན། ཕྱི་ལྟར་ལ) དགེ་སློང་གི་རྣམ་པ་ཅན། ནང་ལྟར་དུ་ (ནང་ལྟར་ན། ཕྱི་ལྟར་) རྒྱལ་བ་ཤཱཀྱ་ཐུབ་པ། གསང་བ་ལྟར་དུ་ (གསང་བ་ལྟར་ན། གསང་བ་ལྟར་ལ) རྒྱལ་བ་རྡོ་རྗེ་འཆང་ཉིད་ཡིན་ཞེས་པ་ལྟ་བུ། ཀུན་མཁྱེན་མཚོ་སྣ་བ་ཆེན་པོའི་རྣམ་ཐར་འཆད་པའི་ཐད་ཀྱི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་༢༦༧ལས། ཕྱི་ལྟར་དུ་གསང་སྔགས་ལ་དམ་དོག་ཆེ་བར་མཛད་ཀྱང་ནང་དུ་རང་ཉིད་སྔགས་ཀྱི་ཉམས་ལེན་ཕུལ་དུ་ཕྱིན་པ་མངའ་བས། དཔལ་གསང་བ་འདུས་པའི་རྫོགས་རིམ་གྱི་རྨི་ལམ་འཛིན་པ་ལ་མངའ་བརྙེས་པས་རྨི་ལམ་དུ་སངས་རྒྱས་ཀྱི་ཞིང་གཞན་དུ་བགྲོད་པ་དང་། གདུལ་བྱ་ལ་ཆོས་སྟོན་པ་དང་། ཞེས་སོགས་གསུངས།