4664

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕྱི་སོ
Tibetan Definition སྔོན་དུས་ས་མཚམས་སུ་ཕྱིའི་དགྲ་ལ་མེལ་ཚེ་དང་སོ་བྱེད་པའི་བློན་པོའམ་དཔོན་པོའི་མིང༌། དེབ་ཐེར་དཀར་པོ་ལས། སྔོན་གྱི་དུས་སུ་ས་མཚམས་ལ་མེལ་ཚེ་དང་སོ་བྱེད་པའི་བློན་པོ་དག་འཇོག་ཅིང༌། དེ་ཡང་ཕྱིའི་དགྲ་ལ་སོ་བྱེད་པའི་ཕྱི་སོ་བྱ་བ་ཞིག་དང༌། བོད་སྡེ་རང་གི་ནང་དུ་སོ་བྱེད་པའི་ནང་སོ་བྱ་བ་གཉིས་ཡོད་པའི་ཕྱི་མ་ནི་ད་དུང་ཡང་གོ་གནས་ཀྱི་མིང་དུ་ཡོད་ལ། དེ་དག་ལ་སོ་བློན་བྱ་བའི་ཐ་སྙད་ཀྱང་རྡོ་རིང་སོགས་ལ་གསལ་ལོ། །ཞེས་དགེ་འདུན་ཆོས་འཕེལ་གསུང༌།