4693

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕྱིས་གནོན་བྱེད་པའི་ལྟུང་བྱེད
Tibetan Definition (འདུལ་བ) འབའ་ཞིག་པ་དགུ་བཅུའི་བཅུ་བདུན་པ། ཕྱིས་གནོན་བྱེད་པའི་ལྟུང་བྱེད་ཀྱི་ངོ་ཏི་ནི། བཅས་ལྡན་དགེ་སློང་གིས་དགེ་འདུན་དབང་བའི་གནས་སུ་སྔར་ཞུགས་པའི་དགེ་སློང་ལ་ཐོ་འཚམས་པའི་ཕྱིར། ཕྱིས་གནོན་བྱས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །གླེང་གཞི་ནི། མཉན་ཡོད་ན་འཆར་ཀས་ལྗོངས་རྒྱུ་ཞིང་སོང་ནས་རི་བྲག་ཀྱི་གཙུག་ལག་ཁང་དུ་དགེ་སློང་ལ་ཕྱིས་གནོན་བྱས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་རང་རིགས་ཀྱི་ལུས་སེམས་ལ་གནོད་པའོ། །སྒྲ་བཤད་ནི། ཕྱིས་ཞེས་པ་ནི་སྔར་སླེབས་ཟིན་པའི་དགེ་སློང་ལས་ཕྱིས་སུ་སླེབས་པས་ན་ཕྱིས་ཞེས་བྱ་ལ། གནོན་ནི་བརྫིས་པའི་དོན་ཏེ། གྲུ་མོ་དང་སྤུས་མོ་དང་རྐང་པ་སོགས་ཀྱིས་བརྫིས་པའི་དོན་ནོ། །དེས་ན་ཕྱིས་སུ་སླེབས་ནས་སྔར་ནས་གནས་དེར་སླེབས་པའི་དགེ་སློང་ལ་གྲུ་མོ་དང་པུས་མོ་སོགས་ཀྱི་གནོན་པའི་དོན་ནོ། །