4706

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕྱེ་མའི་ཕུར་མ
Tibetan Definition ཙན་དན་སོགས་ཞིབ་མོར་བཏགས་པའི་དངོས་རྫས་ཀྱི་ཐུམ་བུའི་མིང༌། དེ་ཡང་ཕྱེ་མ་ནི་ཞིབ་མོར་བཏགས་པའི་དངོས་རྫས་ཀྱི་མིང་ཡིན་ལ། ཕུར་མ་ནི་ཐུམ་བུའི་མིང་ངོ༌། །ཙན་དན་དང༌། ཨ་ག་རུའི་ཕྱེ་མའི་ཕུར་མ་ཟེར་བ་ལྟ་བུའོ། །དམ་ཆོས་པད་མ་དཀར་པོའི་མདོ་ལས། ལྷའི་བུ་མོ་ཙན་དན་དང༌། ཨ་ག་རུའི་ཕྱེ་མའི་ཕུར་མ་ཐོགས་པ་དང༌། ཞེས་གསུངས་པ་ལྟར་རོ། །ཕུར་མ་ནི་ཐུམ་བུའི་མིང་དུ་མཚོ་ཊཱིཀ་ནའང་གསལ།