From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
| ཕྱེ་ཤིག
|
| Tibetan Definition
|
ཕྱེ་ཞིག་དང་དོན་འདྲ། སུམ་རྟགས་ཀྱི་འགྲོས་ལྟར་བྱས་ན། ལྗོན་དབང་ལས། ཚིག་ཕྲད་ཞིང་སོགས་ང་ན་མ། །འ་དང་ར་ལ་མཐའ་མེད་མཐར། །ཞིང་ཞེས་ཞེའོ་ཞེ་ན་ཞིག །ཅེས་གསུངས་པ་ལྟར། ཕྱེ་ཞིག་ཅེས་ཐོབ་ཀྱང་། མཁས་པ་འགའ་རེས་ “ཕྱེ་ཤིག”ཅེས་པ་ནུས་པ་ཆེ་བར་བཞེད་དེ། གསེར་ཏོག་འགྲེལ་ཆེན་ལས། སྐུལ་ཚིག་ལ་ཅིག་ཞིག་ཤིག་གང་ཐོབ་ཀྱང་ཁྱད་པར་མེད་མོད་དཔེ་ཁུངས་དག་པར། ཕྱེ་ཤིག་ཅེས་པ་ལྟ་བུ་འགའ་རེ་སྣང་བས་སྐུལ་བ་གསལ་བྱེད་དུ་ཞིག་ལས་ཤིག་སྦྱར་བ་ནུས་པ་ཆེ་བར་སྣང་ངོ་། །ཞེས་གསུངས་སོ། ། (གསལ་བཤད། མ་དཔེར་ “བསྐུལ་ཚིག”དང་“བསྐུལ་བ”ཞེས་འདུག་ཀྱང་འདིར་ཡོངས་གྲགས་ལྟར་བཅོས་འགྱུར་བྱས)
|