From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
| ཕྱེད་དང་བརྒྱད
|
| Tibetan Definition
|
བདུན་དང་ཕྱེད་ཀ། སྒྲ་བཤད་ནི། ཕྱེད་ཀ་དང་རིལ་པོ་ཚང་མ་བསྡོམས་པས་བརྒྱད་ཅེས་པའི་དོན་ནོ། །ཡིག་སྐད་ལ། ཕྱེད་ཀ་དང་བཅས་ཏེ་བརྒྱད་ཅེས་བྱའོ།།ཚེ་ཏན་ཞབས་དྲུང་རིན་པོ་ཆེའི་ཐོན་མིའི་ཞལ་ལུང་ལས་ཀྱང་། ཕྱེད་དང་བརྒྱད་ཅེས་པ་ནི་ཁྱོད་ལྟར་ན་བརྒྱད་དང་ཕྱེད་ཅེས་པ་དང་མཚུངས་པར་བསམས་ནའང་དེ་གཉིས་མི་གཅིག་སྟེ། ཕྱེད་དང་བརྒྱད་ཅེས་པའི་དོན་ནི་ཕྱེད་པ་གཅིག་གལ་ཏེ་སྣོན་རྒྱུ་ཡོད་ན་རིལ་པོ་བརྒྱད་ཡིན་ཞེས་པའི་བརྡ་ཡིན་པས་འདི་ཙམ་ལ་ཡང་མགོ་བོ་འཁྲུག་མཁན་མང་ངོ་། །ཞེས་གསུངས་སོ། །
|